R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༦བ
[A:༡༡༦བ]པ་མང་བས། ལུགས་ཕན་ཚུན་མི་བསྲེ་བར་ཆོས་སྐད་རང་རྐང་ཚུགས་པ་འདོད་དགོས་ཞེས་སྨྲས་ན་ཅི་ཞིག་སྨྲར་ཡོད། ཅེས་སོགས་བྲིས་སོ། །འདི་ཡང་མི་འཐད་དེ། དུས་ཀྱི་འཁོར་ལོའི་རང་རྐང་གི་ཉམས་ལེན་བྱེད་པའི་གང་ཟག་དེས་བླ་མེད་སྤྱི་ནས་བཤད་པའི་རྩ་ལྟུང་བཅུ་གསུམ་པ་བསྲུང་མི་དགོས་པར་ཐལ། བླ་མེད་སྤྱི་ལ་ཚོགས་ཀྱི་འཁོར་ལོའི་དུས་ཤ་ཆང་མ་བསྟེན་ན་རྩ་ལྟུང་བཅུ་གསུམ་པ་འབྱུང་བ་གང་ཞིག དེ་ཤ་ཆང་སོགས་ལ་མ་བསྟེན་པའི་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཚོགས་ཀྱི་འཁོར་ལོ་བྱས་པས་ཚོགས་འཁོར་མཚན་ཉིད་པར་འགྱུར་བའི་ཕྱིར། རྟགས་གཉིས་ཆར་ཁས། འདོད་ན། བདེ་ཀྱཻ་གསང་གསུམ་སོགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེ་ལ་བསྲུང་བྱ་རྩ་ལྟུང་མི་འདྲ་བ་རེ་རེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་ཐོབ་པའི་སྔགས་སྡོམ་ལ་རྩ་ལྟུང་གིས་མ་གོས་པའི་གང་ཟག་དང་། ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་ཐོབ་པའི་སྔགས་སྡོམ་ལ་རྩ་ལྟུང་གིས་གོས་པའི་གང་ཟག་གི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྩ་ལྟུང་གིས་ཉམས་པའི་གང་ཟག་དང་། རྩ་ལྟུང་གིས་མ་གོས་པའི་སྔགས་སྡོམ་རྒྱུད་ལྡན་གྱི་གང་ཟག་གཞི་མཐུན་ཡོད་པར་ཐལ་ལོ། །གཞན་ཡང་དུས་འཁོར་དང་ཀྱཻ་རྡོ་རྗེ་གཉིས་ཆར་གྱི་དཀྱིལ་འཁོར་དུ་དབང་ཐོབ་པའི་རྡོ་རྗེ་འཛིན་པ་དེས་ཚོགས་ཀྱི་འཁོར་ལོ་བྱར་མི་རུང་བར་ཐལ། དེས་ཤ་ཆང་ལ་བསྟེན་པའི་ཀྱཻ་རྡོར་སོགས་ཀྱི་ལུགས་ཀྱི་ཚོགས་འཁོར་བྱས་ན་དུས་ཀྱི་འཁོར་ལོ་དང་འགལ་བས་དེའི་དཀྱིལ་འཁོར་དུ་ཐོབ་པའི་སྔགས་སྡོམ་ལ་ཉེས་པས་གོས་པར་འགྱུར་ཞིང་། དེས་ཤ་ཆང་སོགས་ལ་མ་