R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༢ན
[A:༡༢༢ན]།མན་ངག་ཕྲ་མོའི་ཆོག་ཤེས་རིང་སྤངས་ནས། །རྒྱུད་དོན་མན་ངག་ཡོངས་ལ་སློབ་པར་རིགས། །བསླབ་པའི་དོན་མཆོག་རིམ་གཉིས་ཟབ་མོའི་ལམ། །ཡོངས་འཛིན་བླ་མ་དམ་པའི་གསུང་བཞིན་དུ། །དབེན་པར་རྩེ་གཅིག་ཉམས་སུ་ལེན་བྱེད་ན། །འདི་ཕྱི་ཀུན་གྱི་དོན་མཆོག་སྙིང་པོ་ལགས། །རང་ཉིད་ཟབ་མོའི་ཉམས་ལེན་མཐར་ཕྱིན་ནས། །བསྡུ་དངོས་རྣམ་བཞིའི་ཐབས་མཁས་ལ་བརྟེན་ནས། །སྐལ་བཟང་སྣོད་ལྡན་སྨིན་གྲོལ་ལམ་འགོད་པ། །ཟབ་ལམ་ཉམས་སུ་བླངས་པའི་ཉིང་དགོས་ལགས། །རང་ཉིད་ཉམས་ལེན་ཟབ་མོས་དབེན་བཞིན་དུ། །འཁོར་མང་འདུ་འཛིའི་དབུས་སུ་སྨིན་གྲོལ་ལམ། །ཁེ་རྙེད་གྲགས་པའི་ཆེད་དུ་སྟོན་པ་ནི། །རང་ཉིད་འཁོར་བར་འཁྱམས་པའི་རྒྱུ་རུ་གསུངས། །དེ་ཕྱིར་ཐར་འདོད་བློ་གྲོས་ལྡན་རྣམས་ཀྱིས། །མཛེས་ཆོས་ལྟར་སྣང་ཚུལ་འཆོས་རྒྱང་བསྲིངས་ཏེ། །བསྟན་འགྲོའི་དོན་ལ་འབད་པར་མཛོད་ཅིག་ཅེས། །ཐལ་སྦྱར་སྙིང་གི་དཀྱིལ་ནས་གསོལ་བ་འདེབས། །ཞེས་པ་འདི་ནི་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པའི་ཚོགས་ཀྱི་འཁོར་ལོའི་རྣམ་གཞག་གྲུབ་པའི་དགའ་སྟོན་ཞེས་པའི་དཔེ་ཙམ་མཐོང་བས་རྐྱེན་བྱས་ཏེ། རྗེ་བཙུན་མཁས་པའི་དབང་པོ་བྱམས་པ་རབ་བརྟན་གྱི་གསུང་བཞིན་ཤིང་ཕོ་སྟག་གི་ལོ་རྡོ་རྗེ་ཐེག་པའི་ཆོས་ཚུལ་ལ་མོས་པའི་དགེ་སློང་སྙོམས་ལས་པ་བསོད་ནམས་རབ་བརྟན་གྱིས་དབེན་གནས་བསམ་གཏན་སྒྲུབ་སྡེར་སུག་བྲིས་བགྱིས་པ་དགེ་ཞིང་བཀྲ་ཤིས། ཞེས་པ་དེ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོའི་མཐའ་དཔྱད་བཤད་པ་བསྟན་ཟིན་ནས། གཉིས་པ་ཞར་ལས་འོངས་པའི་ལེགས་བཤད་ཀྱི་