R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༣ན
[A:༡༢༣ན]ཆེར་ལོག་པར་སྤྱོད། །དཔྱད་པའི་དོན་ཡང་མི་བསྒྲུབ་ཡལ་བར་འདོར། །སྙིགས་མའི་དུས་ཀྱི་ངང་ཚུལ་འདི་ལྟར་གྱུར། །ཁོ་བོས་འདིར་ནི་ལེགས་པར་བཤད་ཀྱང་རྣམ་དཔྱོད་བློ་གྲོས་གྲོགས་སུ་མི་བྱེད་ཁྲོ་བའི་མེ་ཆེན་རབ་ཏུ་སྦོར། །ཚིག་རྩུབ་དུག་མདའ་རྣམ་པར་འཕེན་ཞིང་རང་དང་གཞན་གྱི་ཀུན་གཞིའི་ཁང་པར་བག་ཆགས་ངན་པའི་ནོར་གསོག་བྱེད། །དེ་ཕྱིར་འདི་ནི་གཞན་ལ་ཕན་པར་འགྱུར་སྙམ་མེད་ཀྱང་རང་ཉིད་གོང་མའི་གསུང་ལ་དད་པ་བརྟན་ཕྱིར་དུ། །ཅུང་ཟད་བྲིས་འདིར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལེགས་པར་དགོངས་ཤིང་དཔང་མཛོད་ཅིག །ཚེ་འདིའི་བྱ་བ་ཆུང་ངུ་ལས། །ཉམས་འང་སྐྱོབས་ན་དུས་ཀུན་གྱི། །བྱ་བ་ཉམས་པར་བྱེད་པ་ཡི། །ལོག་པར་སྨྲ་ལ་ཇི་ལྟར་དགོངས། །དེ་ལ་དིང་སང་དཔལ་ལྡན་ས་སྐྱ་པའི་སྲོལ་འཛིན་པར་ཁས་འཆེ་བ་ཁ་ཅིག གདན་གྱི་རྣམ་གཞག་ལ་སོགས་པ་རྗེ་བཙུན་གོང་མའི་གསུང་རབ་ཁྱད་པར་དུ་འཕགས་པ་དག་རྗེ་བཙུན་གོང་མ་རྣམས་རིམ་པར་བརྒྱུད་ཅིང་སློབ་མའི་ཚོགས་བགྲང་བ་ལས་འདས་པ་ལ་ཡང་ལེགས་པར་བསྟན་ཅིང་འཕེལ་བར་མཛད་དེ། ཡིག་རིས་སུ་བྲིས་པ་དག་ཀྱང་བརྒྱ་སྟོང་ཙམ་མ་ཡིན་པར་བགྲང་བ་ལས་འདས་བའི་བར་དུ་འཕེལ་ནས་རིམ་པ་རིམ་པར་བར་ཅུང་ཟད་ཙམ་ཡང་ཆད་པ་མེད་པར་བརྒྱུད་དེ་འོངས་པའི་གསུང་རབ་དག་ལ། རང་གི་བློས་སྦྱར་བའི་གྲུབ་པའི་མཐའ་ཉི་ཚེ་བ་དག་དང་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་ཉི་མའི་དཀྱིལ་འཁོར་ཐལ་མོས་གཡོགས་པ་ལྟར་སུན་འབྱིན་པའི་ཚིག་གིས་འགོག་པར་བྱེད་དོ། །དེ་ལ་ཐལ་མོའི་གྲིབ་མ་ལ་གནས་པའི་སྐྱེ་བོ་ཕྲ་མོ་འགའ་