R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༩བ
[A:༡༢༩བ]པ་དང་། གྲུབ་ཆེན་བུདྡྷ་ཤྲཱིའི་ཐུགས་དམ་རས་བྲིས་ལ་ཡང་བཞུགས་ཚུལ་འདི་བཞིན་དུ་ཡོད་པར་གྲགས་པས་བླ་མ་དེ་དག་ཀྱང་ཡི་གེ་འདི་ཚད་མར་བྱེད་པ་གསལ་བའི་ཕྱིར་དང་། གང་ཟག་དེ་ཙམ་གྱིས་ཚད་མར་བྱས་པས་ཚད་མར་མི་འགྱུར་ན་ཧ་ཅང་ཐལ་བ་ལས་ཀྱང་ཆེས་ཐལ་བ་ཡིན་པའི་ཕྱིར་རོ། །ཞེས་དང་། རྗེས་འབྲང་ཁ་ཅིག སློབ་དཔོན་རིན་པོ་ཆེས་མཚོ་སྐྱེས་འགྲེལ་པར་དེ་དག་ཀྱང་མཉམ་པར་བརྩེགས་པའི་སྙིང་ཁར་ཞབས་གཡས་པ་གཉིས་ཀྱི་མནན་པའོ། །རོལ་མོའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ་ཞེས་དང་། མཚོ་སྐྱེས་དབང་ཆོག་ཏུ། བདུད་བཞི་བརྩེགས་པའི་གདན་ལ་ཞབས་གཡས་གཉིས་བརྐྱངས། གཡོན་གཉིས་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པ་ཞེས་གསུངས་པས། བཞུགས་ཚུལ་འདི་དང་མི་མཐུན་པའི་ཕྱིར་རྣམ་པར་མ་དག་གོ་ཞེས་སྨྲ་བར་གྲག་གོ་ཞེས་མན་ངག་གི་གསལ་བྱེད་ལས་བཤད་པ་དེ་འགོག་པའི་ལུགས་སུ་བྱས་ནས་ལུགས་སོ་སོར་མ་ཕྱེད་པ་ཡིན་ནོ་ཞེས་དང་། རིན་ཆེན་འབར་བར་ལྷག་མ་གར་གྱི་ཚུལ་དུ་བཤད་པའི་དོན་ཡང་། མདུན་མ་གཉིས་གཡས་བརྐྱངས་པའི་བརླ་ལ་གཡོན་བསྐུམ་གྱིས་སོར་མོ་སྦྱར་བ་དང་ལྷག་མ་རྒྱབ་མ་གཉིས་མདུན་མ་
འདི་ཟླ་ཟེར་ན་མེད་
ལྟ་བུའི་གར་སྟབས་སོ་ཞེས་འབྲུ་གནོན་དུ་རུང་ན་སློབ་དཔོན་ཐམས་ཅད་དགོངས་པ་གཅིག་པར་འགྱུར་བས་ཤིན་ཏུ་ལེགས་ཀྱི། གཞན་དུ་ན་སློབ་དཔོན་འདི་གཉིས་མི་མཁས་པར་ཐལ་བའི་སྐྱོན་ཡོད་དེ་རྒྱུད་དང་མི་མཐུན་པའི་ཕྱིར་རོ་ཞེ་ན། ཤིན་ཏུ་མི་འཐད་དེ། མདུན་རྒྱབ་གཉིས་བཞུགས་སྟབས་མཐུན་པ་ལ་དུམ་བུར་བྱས་ནས་མི་མཐུན་པའི་ཚིག་གིས་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེས་ཟེར་