R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༡ན
[A:༡༣༡ན]པ་ཐམས་ཅད་མ་དག་གོ་ཞེས་སུ་ཞིག་གིས་སྨྲས། དེ་ལྟར་སྨྲ་བ་མ་དག་ཅེས་གསུངས་སོ་ཟེར་བ་གང་ཟག་སུ་ཞིག་ལས་ཁྱེད་ཀྱིས་ཐོས་ལེགས་པར་སྨྲོས་ཤིག ད་ནི་གཉིས་པ་གདན་དང་བཞུགས་ཚུལ་ལ་སྤྲོས་པ་ཅུང་ཟད་དཔྱད་ན། གདན་གྱི་བདུད་བཞི་ནི། རྒྱ་གཞུང་རྣམས་ནས་མི་འདྲ་བ་མང་དུ་འབྱུང་ཡང་། རང་རང་གི་བླ་མ་གྲུབ་པ་ཐོབ་པ་རྣམས་ཀྱི་གསུང་བགྲོས་ཡིན་པའི་ཕྱིར། འདི་དག་ཅིང་འདི་མ་དག་གོ་ཞེས་དགག་བསྒྲུབ་བྱ་བར་མི་ནུས་ལ། འཁྲུལ་སྤོང་གི་མཆོད་བརྗོད་ལས། གཙོ་བོའི་གདན་གསུམ་པ་འཇུག་སེལ་ཏེ་ཁྱབ་འཇུག་ལ་གསུངས་པ་ཡང་ཡོད་པས་རྣམ་གྲངས་མི་འདྲ་བ་ཅུང་ཟད་ཡོད་པ་ལ་སྐྱོན་དུ་བཟུང་བར་མི་བྱའོ། །རྗེ་བཙུན་ས་སྐྱ་པ་རྣམས་ལ་ཀྱཻ་རྡོ་རྗེའི་བཀའ་བབས་བཞི་བྱུང་བའི་མཚོ་སྐྱེས་ལུགས་དང་། མན་ངག་ལུགས་ཀྱི་བཞུགས་ཚུལ་ནི། ཞབས་གཡས་གཡོན་དུ་གཉིས་གཉིས་མདུན་རྒྱབ་ཏུ་སྒྲིགས་པའི་གཡས་གཉིས་བརྐྱངས་བའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་ཡིན་ཏེ། རྗེ་བཙུན་རྩེ་མོས་མཚོ་སྐྱེས་ལུགས་ཀྱི་དཀྱིལ་ཆོག་ལ་ཚིག་འདི་དངོས་སུ་གསུངས་ཤིང་། མན་ངག་ལུགས་ཀྱི་གཞུང་རྣམས་ལས་ཀྱང་། སྐབས་འགའ་ཞིག་ཏུ་གཡས་བརྐྱངས་ཞེས་པ་ཙམ་དང་། འགའ་ཞིག་ཏུ་སྐྱིལ་ཀྲུང་ཕྱེད་པ་ཞེས་པ་ཙམ་ལས་མ་གསུངས་ཀྱང་། མཚོ་སྐྱེས་ཀྱི་སྒྲུབ་ཐབས་དང་། མན་ངག་ལུགས་ཀྱི་ཡན་ལག་བཞི་དྲུག་ཅིག་ཅར་དུ་བདུད་བཞི་བརྩེགས་གདན་འབའ་ཞིག་གསུངས་པས་བཞུགས་ཚུལ་འདི་ལས་མ་འདས་པའི་ཕྱིར་རོ། །གལ་ཏེ་རྗེ་བཙུན་རྩེ་མོས་ཞབས་གཡས