R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༥ན
[A:༡༣༥ན]སྲས་ཀྱིས་མཛད་པ་མ་ཡིན་ཏེ་ནོར་བའི་ཚོགས་མང་དུ་སྣང་བའི་ཕྱིར་རོ། །དེའང་དེ་ཉིད་ལས། དང་པོར་མི་མཐུན་དགོས་ཏེ། ཞེས་ཡིག་བརྒྱ་མཎྜལ་འཁོར་བའི་ཉེས་དམིགས་བསམ་པ་གསུམ་སྔོན་དུ་སོང་ནས། ཆོས་བཅུ་གཉིས་ཉམས་སུ་ལེན་པར་བཤད་ལ། ཆོས་བཅུ་གཉིས་ཀྱི་སྔོན་འགྲོ་གསུམ་ནི་གོང་གི་ཡིག་བརྒྱ་ལ་སོགས་པ་གསུམ་པོ་དེ་ཡིན་པའི་ཕྱིར། ཚིག་བསྒྲིག་ལུགས་ཀྱང་མ་ཤེས་པས་ནང་འགལ་ལོ། །ཡང་དེས་སེམས་སྒྱུ་མར་བསླབ་སྟེ་ཞེས་བཤད་པའང་ཆེས་ནོར་སྟེ། འཁོར་འདས་དབྱེར་མེད་དུ་རྨི་ལམ་སྣང་བ་སེམས་སུ་བསྒྲུབ་པའི་རྩ་བའི་དཔེ་དང་། མིག་ཡོར་ཡན་ལག་གི་དཔེར་བཤད་ཀྱི། སེམས་སྒྱུ་མར་བསྒྲུབ་པའི་དཔེར་མ་བཤད་ལ། ཡང་དེར་གཟུགས་བརྙན་ལ། ༈ སྟེ་ཅེས་པའི་མེ་ལོང་ཡང་སྒྱུ་མ་དེ་རྟེན་འབྲེལ་དུ་བསྒྲུབ་པའི་དཔེ་ཡིན་གྱི། སེམས་སྒྱུ་མར་བསྒྲུབ་པའི་དཔེ་མ་ཡིན་པས་ཧ་ཅང་ནོར་ཅེས་ཐལ་ལོ། །ཡང་དེར་བཙོན་པ་ཐ་མ་ལ། ༈ རུང་ཅེས་པའང་ཤིན་ཏུ་མི་འཐད་དེ། ལུས་དཀྱིལ་བསྒོམ་པ་ལ་དེའི་དབང་ཐོབ་དགོས་ཤིང་། ཕྱི་དཀྱིལ་དུ་དབང་རྫོགས་པར་མ་ཐོབ་ན་ལུས་དཀྱིལ་གྱི་དབང་ཙམ་ཡང་བསྐུར་དུ་མི་རུང་བར་བཤད་པས། སློབ་མའི་དབང་ཐོབ་པ་ཙམ་གྱི་ལུས་དཀྱིལ་བསྒོམ་པ་ཤིན་ཏུ་མི་རུང་བས་ནོར་བའོ། །ཡང་དེར་བརྩོན་པ་འབྲིང་གིས་ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམ་པ་དང་། བརྩོན་པ་རབ་ཀྱི་བཟླས་བསྒོམ་ལ་རྟེན་ནས་ལས་ཀྱི་ཚོགས་རབ་འབྱམས་བསྒྲུབ་པར་བཤད་པའང་ནོར་ཏེ། ལམ་དུས་ལེན་པའི་གང་ཟག་དེ་བས་ལས་ཚོགས་བསྒྲུབ་པའི་གང་ཟག་དེ་ཁྱད་པར་འཕགས་པར་འགྱུར་ལ། འདོད་