R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༥བ
[A:༡༤༥བ] ཅུ་རྩ་བདུན་བྱང་ཕྱོགས་སོ་བདུན་དང་སྦྱོར་བའི་ཚུལ་ཙམ་སྨོས་ནས། ཕྱིའི་ཡུལ་ཆེན་སུམ་ཅུ་སོ་བདུན་རེ་རེ་ནས་འདི་ལྟར་ཡིན་བགྲང་པ་མེད་ཅིང་། ཕྱི་རོལ་དུ་རེ་རེ་ནས་འདྲེན་དགོས་པའི་ཚེ་ན། ཨིནྡྲ་བྷུ་ཏི་དང་། རྡོ་རྗེ་གསང་བ་དང་། བདེ་མཆོག་སྟོད་འགྲེལ་དང་། གྲུ་ཟིངས་སོགས་ལས་གསུངས་པ་གང་རུང་ལས། མི་འདའ་ཞེས་བསམ་པ་ཡིན་པས་འགལ་བ་མེད་པར་སེམས་ལགས། གླིང་བཞི་དང་གླིང་བཞི་གཅིག་ཏུ་སྡོམ་པ་དང་ལྔ། ཕྱི་རོལ་གྱི་ཡུལ་ཆེན་དུ་སྤོས་ཁང་པའི་སྡོམ་གསུམ་གྱི་ཊཱིཀྐ་དང་། གསུང་རབ་དགོངས་གསལ་གཉིས་ལས། དེ་ལྔ་ཕྱི་རོལ་ཡུལ་ཆེན་དུ་གསུངས་འདུག་ཀྱང་། དེ་རྣམས་ངེད་ཁས་མི་ལེན་པ་རྒྱུ་མཚན་དང་བཅས་ནས་གནས་གསུམ་གསལ་བྱེད་རང་དུ་ཞིབ་པར་བཤད་ཡོད་ལགས། སྦས་པའི་རྩ་ལྔ་ནི། སྙིང་ཁའི་དབུས་སུ་རོ་རྐྱང་གཉིས་ལས་མདུན་རྒྱབ་དང་། གཡས་གཡོན་དུ་གྱེས་པའི་རྩ་བཞི་དང་། སམྦུ་ཊི་ལས། དབུ་མའི་གཡོན་ཕྱོགས་སུ་ཆུ་ཤིང་གི་སྙེ་མ་ལྟ་བུ་ཞེས་དབུ་མ་ཉིད་ལས་གྱེས་པའི་རྩ་གཅིག་ཡོད་པར་བཤད་པས་དེ་དང་ལྔ་པོ་ལ་ངོས་འཛིན་ཞེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་བགྲོས་འཛིན་པའི་བླ་མ་བགྲེས་པོ་རྣམས་གསུང་གིན་མཆིས། རྩ་ལྔ་པོ་དེའི་རྩེ་མོའི་ཆ་ལ་ཡི་གེ་ལྔ་ཡོད་པ་ནི་སྙིང་ཁའི་ནང་བསྐོར་གྱི་རྩ་ཡིན་ཡང་ཡི་གེའི་ལྡོག་པ་ནས་སྦས་པའི་རྩ་ལྔར་ཐ་སྙད་མི་འདོགས་ཞེས་པ་འདི་ཙམ་གཅིག་ཕུལ། འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་ཀྱང་འདི་རྣམས་ནང་གི་ཟབ་དོན་ཡིན་པས་ཡི་གེར་མང་དུ་མ་བྲིས་ཤིང་མཐའ་དཔྱོད་བྱེད་པ་ལ་བླ་མ་གོང་མ་རྣམས་མི་དགྱེས་འདུག་ལགས། དྲི་བ་བརྒྱད་པ། ཉི་མ་ནུབ་པ་དང་ཞེས་པ་ལ་