R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༩ན
[A:༡༤༩ན]འགྱུར་ལགས་སམ། རྒྱུད་ནས་གསུངས་པའི་དྲོད་གསུམ་དང་། མན་ངག་གི་དྲོད་གསུམ་རྒྱུད་དོན་མན་ངག་གི་ཉམས་སུ་ལེན་པའི་ཚེ་འཇིག་རྟེན་པའི་ལམ་དུ་འཇོག་པ་འདི་གོང་མའི་དགོངས་པ་ཡིན་གསུངས་པ་འདྲ་གདའ་ལགས་པ་ཇི་ལྟར་ལགས་གསལ་བ་ཞིག་ཐུགས་རྗེ་ཆེན་པོའི་བཀའ་དྲིན་གྱིས་བསྐྱང་དུ་གསོལ། ཞེས་གསུངས་པའི་ལན་ནི། མན་ངག་ལས་གསུངས་པའི་དྲོད་གསུམ་གྱི་ནང་དུ་དྲོད་ཐམས་ཅད་འདུས་པར་སྲས་དོན་མ་ལས་བཤད་དེ། དེ་ཉིད་ལས་ཁམས་འདུས་པ་གསུམ༡་གྱིས་དྲོད་གསུམ་དུ་བཞག་པ་དང་། སྐྱེ་སླ་བ་དང་། སྐྱེ་དཀའ་བ་དང་། སྐྱེ་ཤིན་ཏུ་དཀའ་བ་གསུམ་གྱིས་དྲོད་གསུམ༢་དུ་བཞག་པ་དང་། ཡུལ་རྐྱེན་གྱི་གནོད་པ་དང་། ཕན་གནོད་མེད་པ་དང་། ཡུལ་རྐྱེན་གྱིས་རྟོགས་པ་ཡེ་ཤེས་ཀྱི་གྲོགས་བྱེད་པའི་སྒོ་ནས་དྲོད་ཆེ་འབྲིང་ཆུང་གསུམ༣་དུ་བཞག་པ་དང་། ཆོས་བརྒྱད་ཀྱི་རྟོག་པ་རགས་རིམ་འགགས་པ་དང་། ཚར་བཅད་རྗེས་བཟུང་གང་རུང་ནུས་པ་དང་། ཚར་བཅད་རྗེས་བཟུང་གཉིས་ཀ་མཉམ་པར་གྲུབ་པའི་སྒོ་ནས་དྲོད་གསུམ༤་དུ་བཞག་པ་དང་། ཕུང་པོ་ལྔ་དུལ་ཞིང་ཡེ་ཤེས་ཀྱི་འགྲོ་ལྡོག་བྱེད་པ་དང་། རྒྱུ་དུས་ཀྱི་འབྲས་བུ་བཞི་ཐོབ་པ་དང་། གྲུབ་མཐའ་དང་པོ་ལ་འཆར་བའི་འབྲས་བུ་བཞི་མངོན་དུ་གྱུར་པའི་སྒོ་ནས་དྲོད་གསུམ༥་དུ་བཞག་པ་སྟེ་འཇོག་ཚུལ་ལྔ་གསུངས་ཤིང་། དམར་མའི་མཆན་བུ་དཀར་གྱིས་བཏབ་པ་ལས་ཀྱང་། དེ་ལྟར་དུ་འབྱུང་བས་འདི་རྣམས་ཀྱི་དྲོད་གསུམ་གྱི་འཇོག་ཚུལ་ཕྱི་མ་གཉིས་པོ་དེའི་ནང་དུ་རྒྱུད་ནས་གསུངས་པའི་དྲོད་ཆེ་འབྲིང་ཆུང་གསུམ་ཡང་འདུ་བ་ལགས་ཤིང་། འོན་ཀྱང་མན་ངག་གི་