R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦ན
[A:༡༦ན]མོད། ཉམས་ལེན་གྱི་གནད་ཐུན་མོང་དུ་མ་གྲགས་པ་འགའ་ཞིག་མི་ནུབ་པའི་ཕྱིར་གབ་པའི་ཚུལ་གྱིས་བསྟན་པ་ཡིན་ལ། འདི་འདྲའི་རིགས་ཅན་རྣམས་སྙན་བརྒྱུད་ལ་ཡིད་ཆེས་པའི་གདུལ་བྱ་ཉུང་ཤས་ལ་ལྐོག་ཏུ་གསུངས་པ་མ་གཏོགས་ཡི་གེར་བྲིས་ནས་ཕྱོགས་ཀུན་ཏུ་བབས་ཅོལ་དུ་སྒྲོག་པའི་ལུགས་མི་འདུག་པས། བདག་ལྟ་བུས་གསལ་ཁ་གཏོད་པར་མི་འོས་མོད། དྲིས་ལན་གྱི་སྒོ་མི་སྟོང་པར་བྱ་བའི་ཕྱིར་བརྡ་ཚིག་གི་ཚུལ་གྱི་ཅུང་ཟད་བསྙད་ན། གཉིས་ལས་གསུམ་བྱུང་ཞེས་བྱ་བ། །གནས་སྐབས་གཞན་དུ་གཞན་གསུངས་ཡང་། །ཐུན་མོང་མིན་པར་གསུངས་པ་ནི། །ཉེ་རིང་བརྒྱུད་ཚུལ་བགྲོད་པ་ལས། །ཟབ་དོན་སྙིང་པོ་ཡོན་ཏན་འབྱུང་། །ཀླུས་བསྒྱུར་ཕྱོགས་ནི་བུ་གར་བཅས། །དང་པོའི་གྲངས་ཡིན་མེས་བསྒྱུར་ཕྱོགས། །ཡོན་ཏན་གྱིས་ལྷག་བར་པ་སྟེ། །ཕྱི་མ་བུ་ཁར་ཤེས་པར་བྱ། །འདི་དག་ལྟ་བ་བསྐྱེད་རྫོགས་ཀྱི། །དོན་གྱི་གནད་རྣམས་བསྡུས་པ་སྟེ། །བླ་མ་མཆོག་ལ་རག་ལས་ཕྱིར། །ཀུན་གྱི་སྤྱོད་ཡུལ་མ་ཡིན་པས། །ཕྱི་ནང་མུ་སྟེགས་ཀུན་ལ་གསང་། །ཤིན་ཏུ་བསྡུས་པ་དབང་བཞིའི་ལམ། །སྟན་ཐོག་གཅིག་མ་ལོགས་ཤིག་ཏུ། །རྩ་བའི་ཚིག་གི་བསྟན་པ་སྟེ། །དེས་ན་ཁྲིད་ཚུལ་ཆུ་གཏེར་རོ། །ཞེས་བྱ་བ་འདི་ནི་སྐལ་བ་དང་ལྡན་པ་དག་གི་འཇུག་ངོགས་བླ་ན་མེད་པ་ཡིན་ནོ།། །།འདིར་སྨྲས་པ། ས་གསུམ་སྣང་བྱེད་གྲགས་པའི་འོད་དཀར་གྱི། །སྐྱ་སེང་བུ་ལྟར་གཞན་སྡེ་ཟིལ་གནོན་པའི། །འཁོན་རིགས་འཇམ་དབྱངས་བླ་མའི་མཁྱེན་བརྩེ་ཀུན། །ལེགས་བསྡུས་ཀུན་དགའི་འདྲེན་པ་བཟང་པོ་ཡིན། །གང་དེའི་འཕྲིན་ལས་གསེར་གྱི་