R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦བ
[A:༡༦བ]འཁོར་ལོ་ཡི། །ཐུབ་བསྟན་གླིང་བཞིའི་ཁྱོན་འདི་མ་བཟུང་ན། །མེས་པོའི་བློ་དང་འཕྲོག་བྱེད་དཔུང་པས་ཀྱང་། །དུས་དེར་འདོད་ལྷའི་དཔུང་ཚོགས་ཇི་ལྟར་བཟློག །རྩོད་བྲལ་ཉིན་བྱེད་སྣང་བ་ལ་འགོང་ཞིང་། །ཕྱོགས་གཞན་སྣར་མའི་འདོད་བྱ་མ་ཐོབ་པའི། །རང་སྣང་འོད་བརྒྱས་དྲེགས་པའི་མེ་ཁྱེར་འགའ། །ཐུབ་བསྟན་སྣང་བྱེད་ཁུར་གྱི་ངལ་བ་འཛིན། །ཐུབ་ཆེན་དགེས་པའི་བགྱི་བ་ཆུད་སོན་པའི། །འདོད་ལྡན་ཆོས་པར་རློམ་པའི་བཅོལ་ཆུང་འགའི། །ཆེན་པོར་འཆོས་པའི་སྟོང་སོབ་རི་བོའི་ལྕིད། །ཡུན་དུ་ཐེག་པའི་ས་འཛིན་རྡོ་རྗེའི་སྤོ། །ཡིད་བཞིན་ནོར་དང་འཆིང་བུའི་རིན་ཐང་གི །བརྡ་ལ་རྨོངས་པའི་བྱིས་པས་རྒན་པོ་ལ། །ཅོ་འདྲི་བྱེད་པའི་ཡིད་གཉིས་འཕྱང་མོ་ཡུག །བརྗོད་འདོད་སྐབས་གཞན་སྟོན་པ་གཅམ་བུའི་ཟོལ། །དེ་ཕྱིར་རྒྱལ་བའི་སྲས་པོ་ལི་ཙ་བཱིའི། །རྣམ་ཐར་བཟུང་སྟེ་བདུད་རྩིའི་བསྟེན་རིགས་ཀྱི། །ལེགས་བཤད་སྨྲས་ཀྱང་གཞི་མདོའི་ཆ་རྒྱན་ལས། །དྲང་པོའི་ཡིད་ཀྱིས་ལེན་པ་སུ་ཞིག་མཆིས། །འོན་ཀྱང་སྔོན་རབ་མཁས་པའི་རྗེས་ཞུགས་ཤིང་། །དད་འདུན་ནོར་འཆང་བློ་ལྡན་དྲི་བོ་ཡི། །ལྷག་བསམ་ཟླ་ཚེས་མཐོང་ནས་བདག་བློ་ཡི། །གཉིས་སྐྱེས་ཀུན་དགའི་གཏམ་གླེང་ཐལ་མོ་སྦྱོར། །གང་འདིའི་དགེ་བས་བརྩེ་ཆེན་ས་སྐྱ་པའི། །ཡོངས་རྫོགས་ཆོས་ཀྱི་རྒྱལ་སྲིད་མ་ཉམས་པ། །ཕྱོགས་འཛིན་ཉི་ཚེའི་ལམ་དུ་མི་འདྲེན་པར། །ཤིང་རྟ་མཆོག་གི་རྗེས་སུ་བསྙེག་པར་ཤོག །ཅེས་གསུང་ངག་བཤད་ཐབས་ཀྱི་མན་ངག་གསང་བ་སྒོ་འབྱེད་ལས་འཕྲོས་པའི་དྲིས་ལན་ཉུང་ངུ་འདི་ནི། ཆོས་ཚུལ་འདི་ལ་ཡང་དག་པའི་ལམ་དུ་ཤེས་ནས་དད་པ་ཐོབ་པ་ཤཱཀྱའི་དགེ་སློང་དཀོན་