R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༥ན
[A:༢༥ན] འབྲེལ་པ་ཡོད་མེད་ལ་ཐུག་ཅིང་། དེ་ཡང་དབང་གི་མངོན་པར་རྟོགས་པ་མཐའ་དག་ཚང་མ་ཚང་ལ་ཐུག དེ་ཚང་བ་ཡང་རང་དོན་དུ་བཞེངས་པའི་དཀྱིལ་འཁོར་དེ་ལ་དགོས་པའི་ཡོ་བྱད་རྣམས་སློབ་དཔོན་ལ་སྦྱར་བ་ནས་བཟུང་སྟེ། མངོན་པར་རྟོགས་པ་བཤད་ཚོད་རྣམས་ཚང་ན། རས་བྲིས་ཀྱང་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་འགྲོ་བ་ནི་དབང་ཆུའི་དགོངས་པ་དང་། དེ་མ་ཚང་ན་རྡུལ་ཚོན་གྱིས་ཀྱང་སྨིན་བྱེད་དུ་མི་འགྲོ་བ་ནི་ཆོས་རྗེའི་དགོངས་པའོ། །ངེས་པའི་དོན་དུ་ན་བློས་བླང་པའི་ཕོ་བྲང་དང་། ཚོན་རྩི་སོགས་རྣམ་ཤེས་ལ་སྣང་བ་ནི་དམིགས་པའི་རྟེན་ཙམ་ཡིན་གྱི། སྨིན་བྱེད་ཀྱི་དཀྱིལ་འཁོར་དངོས་ནི། ཡེ་ཤེས་ལས་གྲུབ་པ་ཉིད་གཙོ་བོར་གྱུར་པ་དང་། མ་འོངས་པའི་སློབ་མ་དེང་སང་གི་རྗེས་བཟུང་གི་གྲངས་ལ་མི་གཏོགས་ཀྱང་། དཀྱིལ་འཁོར་དེའི་རྒྱུ་ཚོགས་སུ་སོང་བའི་ཡོ་བྱད་ཀྱི་སྐྱིན་པོ་ཕུན་སུམ་ཚོགས་པར་སྦྱོར་ནུས་པའི་སློབ་མ་དག་གིས་སྨིན་བྱེད་དུ་ཇི་ལྟར་འགྲོ་བའི་ཐབས་མཁས་ནི། སྔོན་གྱི་རྡོ་རྗེ་སློབ་དཔོན་ལྟ་བ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་དག་ལ་ཡོད་པས་ན། མ་འོངས་པའི་སློབ་མ་སྨིན་པར་བྱེད་དགོས་པ་དག་དང་། རང་གི་བརྒྱུད་པ་འཛིན་པའི་རྡོ་རྗེ་སློབ་དཔོན་ཕྱིས་འབྱོན་རྣམས་ལ་ཉེ་བར་མཁོ་བའི་དོན་དུ་བློས་བསླང་བ་དང་། རི་མོར་བྲིས་པའི་དཀྱིལ་འཁོར་དག་བསྒྲུབ་པར་མཛད་པ་ཡིན་ནོ། །བློ་རྒྱ་ཆུང་རྣམས་ནམ་མཁའི་ཁྱོན། །འདོམ་པའི་ཚད་ཀྱིས་འཇལ་བྱེད་མོད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་པར། །མཁྱེན་ཀྱང་རྣམ་ཤེས་སྣང་མི་འདོར། །རྒོལ་བ་བཞི་པ་ནི། འདི་སྐད་དུ། སློབ་དཔོན་གྲངས་ངེས་མེད་པ་དང་། །ཞེས་པ་དེའི་རྒྱས་