R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣ན
[A:༣ན]མའི་རྣམ་གཞག་བཤད་ཙམ་གྱིས། །དབང་བསྐུར་སྔོན་དུ་འགྲོ་དགོས་ན། །བླ་མར་མཆོད་བརྗོད་བྱས་པ་ཡི། །གཞུང་ལུགས་ཀུན་ལ་དེར་ཐལ་ལོ། །དེ་ལྟར་གཞུང་གི་གོ་རིམ་བཞིན། །གང་ཟག་གཅིག་ཉིད་དཀྲི་བ་ཡི། །ཁྲིད་འཆད་ཚེ་ན་རྒྱུ་དུས་ཀྱི། །དབང་བསྐུར་གང་དུ་བཤད་པ་དེར། །མཛད་པས་གོ་རིམ་འཁྲུག་འགྱུར་ན། །འོག་ཏུ་བཤད་པ་ཐམས་ཅད་ཀྱི། །གོང་དུ་བཤད་པ་སྨོས་ཅི་དགོས། །ཉམས་སྣང་རྒྱས་པར་བཤད་ཟིན་པའི། །འོག་ཏུ་བཤད་པས་འཁྲུག་འགྱུར་ན། །རྡོ་རྗེའི་ཚིག་རྐང་དེ་ཉིད་ཀྱི། །ཤེས་བྱེད་དེ་ཕྱིར་དེར་འགྱུར་རོ། །དེས་ན་གཞུང་ཚོགས་ཇི་སྙེད་ཀྱི། །ལས་དང་པོ་ཞིག་དཀྲི་བའི་ཚེ། །ཉམས་ལ་སྤྲོ་བ་སྐྱེས་མཛད་ཀྱི། །ཁྲིད་ཀྱི་ཚུལ་དུ་དེར་མི་འཆད། །འོན་ཀྱང་སྣང་གསུམ་གཞུང་ཙམ་གྱིས། །ལམ་འབྲས་རྫོགས་པར་ཁྲིད་ནུས་པའི། །གང་ཟག་འགའ་ལ་སྣང་