R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]གསུམ་གྱི། །སྐབས་སུ་དབང་བསྐུར་དོན་གྱིས་ཐོབ། །ཅི་ཕྱིར་ཞེ་ན་ཉམས་བཅོ་ལྔ། །ཁྲིད་ཀྱི་ཚུལ་དུ་འཆད་དགོས་ཤིང་། །བདེ་བར་གཤེགས་པའི་བཤད་པ་ཡང་། །རང་བྱིན་བརླབས་པར་འཆད་ཕྱིར་རོ། །འདི་ཡང་བཤད་པ་ཙམ་ཡིན་གྱི། །ལག་ལེན་ཁྲིད་ཀྱི་ཚུལ་དུ་ནི། །སུས་ཀྱང་བཤད་པ་མེད་པའི་ཕྱིར། །དཔེར་ན་སྣང་གསུམ་ཁྲིད་བོར་ནས། །རྒྱུད་གསུམ་ཉིད་ནས་བསྟན་ཆོག་པའི། །རིང་ཞིག་བཤད་ཀྱང་ལག་ལེན་དུ། །བྱས་ན་རང་བཟོར་འགྱུར་བ་བཞིན། །སེམས་བསྐྱེད་ཁྲིད་རྣམས་རྫོགས་པའི་འོག །སྨོན་འཇུག་བླངས་པས་དཀྲུགས་འགྱུར་ན། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ། །འཇུག་པའི་གཞུང་གིས་ཀྱང་དེར་འགྱུར། །དོན་དམ་བྱང་ཆུབ་སེམས་བསྒོམ་པ། །སྔར་ལུགས་ཡིན་ཕྱིར་དབང་དགོས་ན། །སྔགས་ལས་བཤད་པའི་དོན་དམ་སེམས། །མདོ་སྡེ་རྒྱན་སོགས་ལས་ཀྱང་འབྱུང་། །ལ་ལ་ངོ་བོ་ཉིད་མེད་སྨྲའི། །དོན་དམ་བྱང་སེམས་འདིར་བསྒོམ་ཟེར། །ལུགས་དེའི་སྟོང་པ་ཉིད་ལ་ནི། །དོན་དམ་བྱང་སེམས་སུ་མི་འཆད། །གཞན་དུ་རྒྱུ་དུས་དབང་བསྐུར་གྱི། །ཐོག་མར་འཁོར་འདས་དབྱེར་མེད་བཤད། །རྗེས་སུ་བཤད་པས་དཀྲུགས་འགྱུར་ན། །རྒྱུད་ལས་ཀྱང་ནི་དེར་ཐལ་ཏེ། །དབང་བསྐུར་ནས་ནི་དེ་ཉིད་བཤད། །ཅེས་དང་ཕྱི་ནས་བཤད་པར་བྱ། །ཞེས་དང་རྗེ་བཙུན་ཉིད་ཀྱིས་ཀྱང་། །དེ་ལྟར་བཤད་པ་ཡིན་ཕྱིར་རོ། །ཆོས་རྗེ་བླ་མས་ལམ་དུས་ཀྱི། །རྗེས་ལ་འཁོར་འདས་དབྱེར་མེད་བཤད། །རྒྱུ་དུས་གཉིས་ཀྱི་བར་མཚམས་སུ། །ཁྱེད་ཀྱི་འཆད་པས་དཀྲུགས་ཤེ་ན། །དབང་བཞི་པོ་དང་རིམ་གཉིས་དང་། །རྒྱུ་ལམ་འབྲས་བུ་ཐམས་ཅད་ལ། །དབྱེར་མེད་