R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༢བ
[A:༣༢བ]དང་། དུས་ཁྱད་པར་ཅན་གྱི་བཟའ་བའི་དམ་ཚིག་དང་། དུས་རྒྱུན་དུ་བསྟེན་པའི་དམ་ཚིག་གི་ཁྱད་པར་མ་ཕྱེད་པས་རྒོལ་བར་བྱེད་དོ། །ལན་ལ་གཉིས་ཏེ། རྒོལ་བའི་ཚིག་གི་དངོས་བསྟན་ལ་ནང་འགལ་མང་བས་ཡིད་བརྟན་མི་རུང་བར་བསྟན། དགོས་པ་ཁྱད་པར་ཅན་དང་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ནུས་པ་ཡོད་མེད་ཀྱི་སྒོ་ནས་དངོས་ལན་གདབ་པའོ། །དང་པོ་ནི། འདིར་རྒོལ་བའི་ཚིག་ལ། ཆོས་རྗེས་གསུངས་པའི་དཔའ་བོའི་སྟོན་མོ་དེ། ཚོགས་ཀྱི་འཁོར་ལོ་གོ་ཆོད་པོར། རྗེ་བཙུན་ཆེན་པོས་བཞེད་པ་དང་མི་བཞེད་པར་གཉིས་གཅིག་ཅར་དུ་བྱུང་། ས་པཎ་གྱི་བཞེད་པས་འཁྲུལ་སྤོང་གི་ལུགས་དེ་བཀག་པའམ། ཡང་ན་འཁྲུལ་སྤོང་གི་རྩ་ལྟུང་བཅུ་གསུམ་པའི་ངོ་བོ་ཉིད་རྣམ་པར་གཞག་པ་དེས། ཆོས་རྗེས་དཔའ་བོའི་སྟོན་མོ་བཀག་ཟེར་བ་གཉིས་ཀ་ཅིག་ཅར་དུ་སྨྲས་བྱུང་། ཕྱོགས་སྔ་མ་དཔའ་བོའི་སྟོན་མོ་ལ་ཚད་མ་བྱེད་ན་རྗེ་བཙུན་ཆེན་པོ་དང་འགལ་ཟེར་བ་དང་། རྗེ་བཙུན་ཆེན་པོས་ཀྱང་དཔའ་བོའི་སྟོན་མོ་ཚོགས་འཁོར་དུ་བཞེད་ཟེར་བ་གཉིས་ཀ་སྨྲས་བྱུང་། རྗེ་བཙུན་ཆེན་པོས་དཔའ་བོའི་སྟོན་མོ་དེ་ཚོགས་འཁོར་དུ་མི་བཞེད་ན། དཔའ་བོའི་སྟོན་མོ་དེ་བཟའ་བའི་དམ་ཚིག་མ་ཡིན་པར་ཐལ། དུས་ཁྱད་པར་ཅན་གྱི་དང་། དུས་རྒྱུན་དུ་བ་གང་ཡང་མ་ཡིན་པའི་ཕྱིར། ཞེས་བརྗོད་པ་མཐའ་དག་རྒོལ་བ་རང་ལ་འཁོར་བྱུང་པས། ལུང་རིགས་ཀྱི་གནད་མི་ཤེས་པ་ལྟག་ཆོད་མང་པོ་སྨྲ་བ་ལ་འགྲུས་པར་མ་བྱེད་ཅིག གཉིས་པ་ནི། ཕྱོགས་སྔ་མས་དབང་དུས་དང་རབ་གནས་སྦྱིན་སྲེག་གི་ཚེ་དཔའ་བའི་སྟོན་མོ་མི་མཛད་པའི་རྒྱུས་སུ་ལ་ཡོད་ནས་ཁྱེད་ལ་བཤད་པ་ཡིན། ཕྱོགས་