R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥ན
[A:༥ན]རྒྱས་འདེབས་རིམ་གཉིས་འཁོར་བཅས་ལས། །རྒྱུད་གཞུང་ཀུན་ནས་བཤད་པ་མེད། །རིམ་གཉིས་གང་དུ་འདུ་བ་སྨྲོས། །ཁྲིད་ཚུལ་གཉིས་ཀ་མ་ཡིན་པའི། །ལམ་འབྲས་ཕུང་པོ་གསུམ་པ་ཞིག །རྒྱུད་གཞུང་དགོངས་པར་འཆད་ནུས་སམ། །སྣང་གསུམ་ལམ་གྱི་གཞི་བཅའ་དང་། །རང་རྐང་ཚུལ་དུ་འཆད་པ་ཡི། །ཁྱད་པར་གང་ཡིན་གསལ་བར་སྨྲོས། །གཞི་བཅའ་ཞེས་པའི་ངེས་ཚིག་ཅི། །གཞན་ཡང་བྲ་སྟོན་ཞུས་ལན་ལས། །འབྱུང་བའི་ལམ་རིམ་ལམ་འབྲས་དང་། །རྒྱུད་གསུམ་དང་ནི་མདོ་རྒྱུད་སྤྱིའི། །ལམ་རིམ་གསུམ་པོ་གང་དུ་འཚལ། །དང་པོ་ལྟར་ན་སྣང་གསུམ་གྱི། །སྔོན་དུ་དབང་བསྐུར་བཤད་འདུག་གམ། །གཉིས་པ་ལྟར་ན་ཚུལ་དེ་དང་། །འགལ་བའི་ལམ་འབྲས་རྒྱུད་གསུམ་ནས། །བཤད་པ་མིན་པར་ཁས་ལོངས་ཤིག །ཕྱི་མ་ལྟར་ན་ལམ་འབྲས་དང་། །མི་མཐུན་ལམ་དེ་མདོ་རྒྱུད་ཀྱི། །དགོངས་པར་གྲུབ་ཕྱིར་ལམ་འབྲས་ཀྱི། །གོ་རིམ་དེ་འདྲ་གང་ནས་བྱོན། །མདོ་རྒྱུད་ཀུན་དང་མི་མཐུན་པའི། །ལམ་དེ་གོང་མའི་དགོངས་པ་ཞེས། །སྨྲ་བ་དེ་དག་གད་མོའི་གནས། །མདོར་ན་བྲ་སྟོན་ཞུས་ལན་དང་། །མཐུན་པའི་ཉམས་ལེན་ཁུང་མ་ཞིག །གངས་ཅན་འདི་ན་ཡོད་དམ་མེད། །ཡོད་ན་དེ་ཡི་མཚན་གཞི་དྲི། །མེད་ན་ཚུལ་དེ་བཤད་པ་ལ། །དགོས་པ་ཅི་ཞིག་ཡོད་དམ་དྲི། །དེ་སྐད་འདི་ནི་ས་སྐྱ་པའི། །རྗེ་བཙུན་རྣམས་ལ་རྨོངས་དད་ཙམ། །མིན་པ་ཤེས་ནས་དད་ཐོབ་པའི། །སྡོམ་བརྩོན་རྣམས་ལ་དྲིས་པ་ཡིན། །ཟབ་དོན་རྟོག་གེའི་དུག་ཆུ་ཡིས། །ལོག་པར་འཆད་པའི་སྐྱེ་བོ་དང་། །རྒྱུད་དོན་སྣང་བ་དང་བྲལ་བའི། །ལམ་འབྲས་པ་ལ་