R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦ན
[A:༦ན]དུ་ཐུབ་པའི་དགོངས་པ་གསལ་བ་མཛད་ནས་རྗེས་སུ་བོད་དུ་བསྐུར་བ་དེའི་ཚེ་ཚིག་དོན་རྣམས་སློབ་མ་དག་གིས་བོད་དུ་བཤད་ཆོག་པ་བཞིན་ནོ་ཞེས་པ་དང་། དངོས་ལན་ལ་ས་སྐྱ་པ་ཆེན་པོ་ལས་དབང་བསྐུར་ཐོབ་པའི་སློབ་དཔོན་ཞིག་གིས་སློབ་དཔོན་རྩེ་མོས་མཛད་པའི་དབང་ཆུ་ཆེན་མོའི་སྟེང་ནས་དབང་མ་ཞུས་ཀྱང་། རང་གི་སློབ་མ་དག་ལ་དབང་ཆུ་ཆེན་མོའི་སྟེང་ནས་དབང་བསྐུར་བྱེད་དུ་རུང་བ་བཞིན་དུ། རྗེ་བཙུན་རིན་པོ་ཆེ་ནས་བརྒྱུད་པའི་བྱང་སྡོམ་ཐོབ་ལ་མ་ཉམས་པའི་རྡོ་རྗེ་སློབ་དཔོན་ཞིག་གིས། རྗེ་བཙུན་གྱིས་མཛད་པའི་སེམས་བསྐྱེད་ཀྱི་ཡི་གེའི་སྟེང་ནས་རང་གིས་ཐོབ་པ་མ་ཡིན་ཀྱང་གཞན་ལ་འབོག་ཏུ་རུང་སྟེ། རྗེ་བཙུན་ཆེན་པོ་ནས་བརྒྱུད་པའི་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་ལ་མ་ཉམས་པའི་གང་ཟག་ཡིན་པས་སོ། །དེ་ནི་སྙན་བརྒྱུད་ཡི་གེར་བྲིས་པ་རྣམས་ལ་མཚུངས་ཞེས་གསུངས་སོ། །ཡང་གོང་གི་མུས་སྲད་པ་ཆེན་པོའི་གསུང་དེའི་ལན་དུ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་བརྒལ་ལན་ཚངས་པའི་རིགས་སྔགས་ཞེས་བྱ་བ་མཛད་དེ། དེ་ཉིད་ལས། དངོས་བསྟན་གྱི་རྒོལ་ཚུལ་ལ་སྐྱོན་ཆགས་པ་དང་། ཞེ་འདོད་ཀྱི་ལན་དཔེ་དང་བཅས་ཏེ་བཤད་པ། རྒོལ་བ་པོ་རང་ཉིད་ཉེས་པ་ཅན་དུ་བསྟན་པ་དང་གསུམ་དུ་མཛད་ནས། དང་པོ་ལ་སེམས་བསྐྱེད་ཀྱི་ཡི་གེ་དེ་སྔར་མེད་པ་ཕྱིས་གསར་དུ་རྙེད་པ་དང་། ཡི་གེ་དེའི་སྟེང་ནས་སྔོན་བྱོན་པའི་ཆེན་པོ་སུས་ཀྱང་བྱས་པ་མེད་དོ་ཞེས་པ་དེའང་ངོར་ཆེན་གྱི་གསུང་གང་ནའང་མེད་ཅིང་། ཁུངས་ཐུབ་ཀྱི་གསུང་བགྲོས་ནའང་མེད་པས་རང་གི་ཞེ་འདོད་ཀྱིས་སྨྲས་པར་སྣང་བས། དངོས་བསྟན་གྱི་རྒོལ་ཚུལ་