R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༧ན
[A:༦༧ན]གསལ་ཁས་བླང་། ཁྱབ་པ་མཁས་པའི་མདུན་སར་དྲིས་ཤིག་ཅེས་གསུངས་སོ། །དེ་དག་གི་དོན་བསྡུས་དོན་བརྒྱད་པ་ལས། རྡོ་རྗེ་སློབ་དཔོན་དབང་བསྐུར་གྱི། །སློབ་མ་གྲངས་ངེས་བྱ་དགོས་པ། །གསང་བ་སྤྱི་རྒྱུད་ལ་ཐུག་ན། །གསང་བ་སྤྱི་རྒྱུད་བྱ་རྒྱུད་ཡིན། །བྱ་རྒྱུད་རྣམས་ལས་སློབ་དཔོན་དང་། །སློབ་མའི་དབང་གི་བཟླས་ཕྱེ་བའི། །རྡོ་རྗེ་སློབ་དཔོན་དབང་སྐུར་བའི། །དོན་དང་ཐ་སྙད་གཉིས་ཀ་མེད། །ཁྱད་གཞི་མེད་པའི་ཁྱད་ཆོས་མཚར། །རྗེ་བཙུན་གོང་མས་དེ་དྲངས་པ། །རུང་མཐུན་ལུང་དུ་དྲངས་པ་ཡིན། །དཔེར་ན་རྩ་ལྟུང་བཅུ་བཞི་ཡི། །ལུང་སྦྱོར་མདོ་ནས་མཛད་པ་བཞིན། །རུང་མཐུན་ལུང་དང་བཤད་པའི་ཁུངས། །ནོར་བ་ཤིན་ཏུ་བཞད་གད་ཆེ། །སྤྱི་རྒྱུད་དགོངས་པ་ཆོས་དབྱིངས་ལྟར། །ཟབ་ཅིང་ཤིན་ཏུ་རྟོགས་དཀའ་བ། །ཚིག་ཙམ་འདོན་པ་ལྷུར་བྱེད་པ། །ཁྱེད་ཀྱིས་རེ་ཞིག་རྟོགས་མི་ནུས། །ཤེས་པར་འདོད་ན་མཁས་པ་བསྟེན། །ངེས་བཟུང་ཅན་གྱི་བསྐུར་ཚུལ་དེ། །བྱེད་ན་དབང་གོང་དངོས་གཞི་ཡང་། །དེ་ལྟའི་ཚུལ་གྱིས་བསྐུར་དགོས་པ། །སྐབས་འདིར་གོང་མ་བཞེད་གྱུར་ན། །ཁྱེད་ལ་ཚུལ་དེ་ཡོད་མིན་པས། །ངལ་བའི་འབྲས་མེད་གླང་ཆེན་ཁུར། །གཞན་དུ་མཆོག་དབང་རྣམ་པ་གསུམ། །སློབ་མའི་དབང་དུ་ཁས་ལོངས་ཤིག །ཅེས་གསུངས་སོ། དེ་དག་གི་ལན་དུ་མཁན་ཆེན་བཟང་བཀྲས་པའི་སྙན་བརྒྱུད་འཁྲུལ་སེལ་ལས། ཚངས་བའི་རིག་སྔགས་ཀྱི་བཞེད་པ་བཀོད་པའི་རྗེས་སུ། བཤད་ཚོད་ཐམས་ཅད་ཀུན་གྱི་མིན། །ཟེར་བ་ངན་འགྲན་ཕལ་པའི་ལུགས། །འཕྲིན་ལས་ཆེན་པོའི་སླ་ཆོས་ཀྱིས། །དབང་བསྐུར་