R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧ན
[A:༧ན]བ་པོ་ཉེས་པ་ཅན་དུ་བསྟན་པ་ལ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ནི་ལམ་འབྲས་པ་ལ་མེད་པར་རྒོལ་བ་པོ་རང་གི་ཁས་བླངས། རྒྱུད་སྡེ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་ནི་ཁྱེད་ཀྱི་དགག་བྱའི་གཙོ་བོ་ཡིན། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ནི་ལམ་འབྲས་པ་གོང་མ་རྣམས་ལ་མེད། དེ་དག་ཏུ་མ་འདུས་པའི་ཐེག་ཆེན་སེམས་བསྐྱེད་རང་འབོགས་བྱེད་ཀྱི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་མེད་ཅིང་། ཡོད་ཀྱང་དེ་ལ་བརྒྱུད་པ་ཡོད་པ་དཀའ་བས་ན་རྒོལ་བ་པོ་རང་ཉིད་བརྒྱུད་པ་དང་བཅས་པ་ལ་སྦྱོར་དངོས་རྗེས་གསུམ་ཚང་པའི་ཆོ་ག་ལས་ཐོབ་པའི་ཐེག་ཆེན་སེམས་སྐྱེད་མེད་པར་ཁས་བླངས། དེ་ནི་ཤིན་ཏུ་མི་རིགས་ཏེ། རིགས་དང་དམ་ཚིག་མ་ཐོབ་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ཀྱང་མ་བསྐྱེད་ཅིང་། །སངས་རྒྱས་མ་དད་ལྷ་གཞན་བསྟེན་པ་ལ། །ང་ཡི་གསང་སྔགས་བསྟན་ན་ཕུང་བར་འགྱུར། །ཞེས་དང་། ཕྱག་རྡོར་དབང་བསྐུར་བ་ལས། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་། གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་བསྒྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོ་དཔྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་འདིར་གཞུག་པར་བྱ་ཡི། གང་དེ་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་སྔགས་བསྟན་པར་མི་བྱའོ། །འཇམ་དཔལ་མཚམས་མེད་པ་ལྔ་བྱས་པ་ནི་སླའི། དམ་ཚིག་མི་ཤེས་པ་