R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧བ
[A:༧བ]དང་། ལུས་ཡོངས་སུ་མ་སྦྱངས་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་མ་གྲུབ་པ་ལ་སྟོན་པ་ནི་དེ་ལྟ་མ་ཡིན་ཏེ། འཇམ་དཔལ་སེམས་ཅན་དེ་དག་གི་མདུན་དུ་ནི་ནམ་ཡང་ཚིག་ཙམ་བརྗོད་པར་མི་བྱའོ། །ཞེས་སོགས་དང་། སློབ་དཔོན་རིན་པོ་ཆེའི་དབང་ཆུ་ལས། གང་ཟག་རིམ་གྱིས་པ་དང་། ཅིག་ཅར་བའི་རིགས་ཅན་གཉིས་ཀ་ལའང་སེམས་བསྐྱེད་ལ་གཟུང་བར་བྱའོ་ཞེས་འབྱུང་བ་དང་། ལྗོན་ཤིང་ལས། དེ་ལྟར་ཅིག་ཅར་དུ་འཇུག་པ་ཞེས་བྱ་བ་ཡིན་མོད་ཀྱང་། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་གྱི་བརྒྱུད་པས་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཙམ་སྔོན་དུ་མཛད་པས་ཞེས་གསུངས་ནས། འདི་ཉིད་ཀྱི་ཆོ་ག་དང་བསླབ་བྱ་སོགས་རྒྱས་པར་བཤད་པ་དང་འགལ་ཞེས་གསུང་ཞིང་། རྗེ་དཀོན་མཆོག་ལྷུན་གྲུབ་ཉིད་ཀྱིས་མཛད་པའི་ཚངས་པའི་རིག་སྔགས་ཀྱི་དོན་བསྡུས་དོན་བརྒྱད་པ་ལས། རྗེ་བཙུན་མཆེད་ཀྱི་དབང་ཆུ་དང་། །མངོན་པར་རྟོགས་པ་ལྗོན་ཤིང་ལས། །དབང་བསྐུར་སྔོན་དུ་སྐྱབས་འགྲོ་དང་། །སེམས་བསྐྱེད་སྡོམ་པ་འབོགས་སོ་ཞེས། །གསུངས་པ་དེ་ལ་ལག་ལེན་ཞིག །ས་སྐྱའི་ཆོས་ན་ཡོད་དམ་མེད། །ཡོད་ན་དེ་ཡི་བརྒྱུད་པ་གང་། །མེད་ན་ཁུངས་ནས་མེད་པ་འམ། གསར་དུ་ཆད་པ་གང་ཡིན་བརྟག །དང་པོ་ལྟར་ན་སྐུ་མཆེད་ཀྱིས། །དེ་ལྟར་བཤད་པ་མིང་ཙམ་ལས། །ཉམས་ལེན་རིམ་པར་མ་བྱུང་ཕྱིར། །བྱང་ཆུབ་སེམས་མཆོག་མ་བསྐྱེད་ལ། །གསང་སྔགས་བསྟན་ན་ཕུང་ངོ་ཞེས། །རྡོ་རྗེ་འཆང་གིས་བཀག་པ་དེ། །རྗེ་བཙུན་གོང་མས་བསྒྲུབ་མཛད་དམ། །ཕྱི་མ་ལྟར་ན་དབང་ཡོད་ཀྱང་། །སྔོན་འགྲོའི་སེམས་བསྐྱེད་ཆད་དོ་ཞེས། །ཆོས་