R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༢ན
[A:༧༢ན]འབྱུང་བས་ཞེས་སོགས་གསུངས་པས་དངོས་སུ་འགལ་ཞིང་། རྩེ་དགུ་པའི་ལྷ་འགོད་ཚུལ་ཡང་མི་མཐུན་ཏེ། ཡི་གེ་དེར་སྟེང་གི་རྭ་དགུའི་ཕྱོགས་ཀྱི་བཞི་རིགས་བཞི། མཚམས་ཀྱི་བཞི་ཡུམ་བཞི། དབུས་ནམ་མཁའ་ཀུན་བཟང་། འོག་གི་དགུ་ཡེ་ཤེས་ལྔ། ཚད་མེད་བཞི་ཞེས་འབྱུང་། ཊཱིཀ་ཆེན་ལས། སྟེང་གི་རྭ་བརྒྱད་བྱང་ཆུབ་སེམས་དཔའ་བརྒྱད་དེ་པདྨའི་ཕྱག་དང་། བྱམས་པ་དང་ཞེས་སོགས་དང་། འོག་གི་རྭ་བརྒྱད་ནི་ལྷ་མོ་བརྒྱད་དེ་རྡོ་རྗེ་ལྕགས་ཀྱུ་ཞགས་པ་མ་ཞེས་སོགས་དང་། དབུས་ཀྱི་རྭ་ནི་རྡོ་རྗེ་རྣམ་པར་སྣང་མཛད་དོ་ཞེས་བཤད་པས་སོ། །དེ་བཞིན་དུ་མི་ཉག་པྲཛྙཱ་ཛཱ་ལའི་སམྤུ་ཊའི་རྣམ་བཤད་དུ་ཡང་ཊཱིཀ་ཆེན་དང་མཐུན་པ་ཁོ་ན་འབྱུང་གི ཡི་གེ་དེ་དང་མཐུན་པ་མི་འབྱུང་ལ། བླ་མ་འགའ་ཞིག་རྗེ་བཙུན་གྱིས་མཛད་ངེས་པའི་ཡི་གེ་ཞིག་ཀྱང་ཡོད་ངེས་པས་བཙལ་དགོས་གསུངས་ཀྱང་། བླ་མ་སྤྱིལ་སྒོམ་གྱི་ལམ་འབྲས་ཀྱི་ཡིག་ཆ་ལས། རྗེ་པའི་ཞལ་ནས་རྡོ་རྗེ་དང་། དྲིལ་བུ་དང་། ཕྲེང་བའི་དེ་ཉིད་གཅིག་བྱེད་པར་བསམ་པ་ལ་མ་གྲུབ་ཅེས་འབྱུང་བས་བརྩལ་ཡང་ངལ་བ་ཙམ་དུ་ཟད་དོ་ཞེས་གསུངས་སོ། །དེའི་དོན་བསྡུས་དོན་བརྒྱད་པ་ལས་ཀྱང་། བརྟུལ་ཞུགས་སློབ་དཔོན་དབང་བསྐུར་གྱི། །དབང་རྫས་ཡོངས་དག་བསྡུས་པ་ཡི། །ནམ་ཡང་བསྐྱེད་དུ་མི་རུང་བའི། །གོང་མའི་ལུང་ཁུངས་ཅི་ཞིག་ཡོད། །ཁྱེད་དག་ཡོངས་དག་ཅི་ལྟར་བྱེད། །རྗེ་བཙུན་གོང་མས་མ་བཤད་ཀྱང་། །ཆོ་ག་གསུམ་བསྐྱེད་སོགས་སྦྱོར་ན། །མངོན་བྱང་ལྔ་ལས་བསྐྱེད་རུང་ཞེས། །བཤད་ན་ཁྱེད་ཅག་ཅི་ཞིག་སྨྲ། །ཁྱེད་ཀྱི་ཚད་མར་ཁས་བླངས་པའི། །རྡོ་རྗེ་དྲིལ་