R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༢བ
[A:༧༢བ]བུའི་དེ་ཉིད་ལས། །བཤད་པའི་ལྷ་ཡི་བསྐྱེད་ཚུལ་དང་། །དབང་ཆུ་ནས་བཤད་ལྷ་དེ་དག །ཤར་ནུབ་རི་བཞིན་རིང་དུ་གྱུར། །དེ་གཉིས་འགལ་སྤོང་ཇི་ལྟར་བྱེད། །ཁྱེད་ཀྱི་བླ་མས་མཛད་པ་ཡི། །དཀྱིལ་ཆོག་དཔག་བསམ་ལྗོན་ཤིང་ལས། །བཤད་པའི་རྡོར་དྲིལ་བསྐྱེད་ཆོག་དང་། །རྗེ་བཙུན་རྩེ་མོའི་དབང་ཆུ་གཉིས། །སྣང་མུན་བཞིན་དུ་འགལ་བར་གྱུར། །བཀའ་སྲོལ་གཉིས་ལ་དེ་མི་རུང་། །གལ་ཏེ་དེ་ལྟར་བྱ་རུང་བར། །བཤད་པའི་གོང་མའི་ལུང་ཡོད་ན། ཁོ་བོ་ཁྱེད་ཀྱི་རྗེས་སུ་འབྲངས། །དེ་ཕྱིར་སྟོན་པའི་དུས་ལ་བབས། །ཞེས་གསུངས་སོ། །དེ་རྣམས་ཀྱི་ཡང་ལན་དུ་མཁན་ཆེན་བཟང་བཀྲས་པའི་སྙན་བརྒྱུད་འཁྲུལ་སེལ་ལས། སློབ་དཔོན་སློབ་མ་དབང་རྫས་གསུམ། །རིགས་ལྔར་བསྐྱེད་པ་འདྲ་བའི་མུ། །མི་བསྐྱོད་མེ་ཏོག་ཕོག་པའི་ལྷ། །རིགས་ལྔར་བསྐྱེད་པ་མི་འདྲའི་མུ། །སློབ་མ་དེ་བཞིན་དང་མཐའ་གཉིས། །རིགས་ལྔ་སོ་སོར་བསྐྱེད་པ་དང་། །དང་པོ་མི་བསྐྱོད་ཕྱི་མ་གཉིས། །རིགས་ལྔར་བསྐྱེད་པ་གཉིས་མིན་མུར། །མཁས་པས་བཤད་ལྟར་ཐུན་མོང་དང་། །ལམ་དུས་བསྐྱེད་ཆོག་ཐུན་མོང་མིན། །ཡང་ན་རྒྱུ་ལམ་ཁྱད་པར་ཡིན། །དེ་འདྲ་འགལ་འདོད་བློ་གྲོས་རྩིང་། །དེ་ཕྱིར་ལམ་དུས་ཁྱབ་མཐའ་འཛིན། །ཞེས་པ་དང་། རྣམ་སྣང་དབང་རྫས་མེད་པ་དང་། །ཕྱི་མ་གཉིས་ལའང་གཞི་མེད་པས། །མི་འགལ་བརྫུན་ཟོག་མ་ཡིན་ནམ། །རང་ཉེས་སློབ་དཔོན་མ་བཀོད་ཅིག །རྡོར་དྲིལ་བསྐྱེད་ཆོག་དེ་འདྲ་བ། །མན་ངག་མེད་པའི་འོལ་ཚོད་ཙམ། །ལམ་དུས་དབང་གི་ཡིག་ཆུང་དང་། །ཁྱེད་ཀྱི་ལམ་དུས་མི་འགལ་ན། །དངོས་བསྟན་མིན་པར་ཡོངས་སུ་གྲགས།