R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༩ན
[A:༧༩ན]བཞི་གྲུབ་པ་ན་སྐུ་བཞི་རང་བཞིན་ལྷུན་གྲུབ་ཏུ་འབྱུང་བའི་རང་བཞིན་ལྷུན་གྲུབ་ཀྱི་སྐུ་བཞི་པོ་དེ་རྟེན་ལུས་ཀྱི་དཀྱིལ་འཁོར་བཞིའི་ཆོས་ཉིད་ལ་བཤད་པ་འདི་ཇི་ལྟར་ཡིན་དཔྱད་པར་བྱ་ཞིང་། ངོར་རྫོང་གཉིས་པོ་ལུས་དཀྱིལ་གྱི་ཚེ་ངག་འདོན་ལ་ཨཾ་ལས་ཞེས་པ་དང་། ཨཾ་རིན་ཆེན་འབྱུང་ལྡན་ཞེས་པ་ཙམ་གྱི་ཁྱད་པར་མ་གཏོགས་སྒོམ་དོན་ལ་ཁྱད་པར་མ་བྱུང་བས་རྣམ་དབྱེ་ཧ་ཅང་འགལ་བ་བྱ་རྒྱུ་མི་སྣང་ལ། འོན་ཀྱང་ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་ཡོད་མེད་ཀྱི་རྣམ་གཞག་ལ། བདག་ཉིད་ཆེན་པོ་ས་པཎ་གྱིས། ཐུབ་པས་འཇིག་རྟེན་མཐུན་འཇུག་ལ། །དགོངས་ནས་ཕྱི་རོལ་དོན་དུ་གསུངས། །ཐ་སྙད་དཔྱོད་པའི་རིགས་པ་ལ། །དགོངས་ནས་ཆོས་རྣམས་སེམས་སུ་གསུངས། །དམ་པའི་དོན་ལ་དགོངས་ནས་ནི། །ཆོས་ཀུན་སྤྲོས་པ་བྲལ་ཞེས་གསུངས། །ཞེས་པ་དང་། དེའི་དོན་ཀུན་མཁྱེན་ཆེན་པོས་བདུད་རྩི་སྤེལ་བར། འོན་ཀྱང་འདི་ལ་ས་པཎ་གྱིས་གསུང་རབ་འཆད་པ་ལ་འཇུག་ཚུལ་ལ། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་པར་ལྟར་ཐ་སྙད་ཁས་བླངས་པ་འཇིག་རྟེན་མཐུན་འཇུག་གི་སྐབས་དང་། ཐ་སྙད་དཔྱོད་པའི་རིགས་པའི་སྐབས་དང་། དོན་དམ་དཔྱོད་པའི་རིགས་པའི་སྐབས་གསུམ་གསུངས་པ་བླ་མེད་འཆད་ཚུལ་ལ་སྦྱར་ན། སྐབས་དང་པོའི་ཚེ་སྣང་བ་ལྷ་ཡིན་པར་ཁས་མི་བླངས་ཏེ་འདི་ནི་སེམས་ཅན་ཡིན། འདི་ནི་སངས་རྒྱས་ཡིན། འདི་ནི་བུམ་པ་ཡིན། འདི་ནི་སྣམ་བུ་ཡིན་ཞེས་སོགས་རྣམ་གཞག་སོ་སོར་ཕྱེ་བའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པའི་ཚེ་ཕུང་པོ་ལྔ་སངས་རྒྱས་ལྔ་ཡིན་པ་སོགས་སྣང་བ་ཐམས་