R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༤བ
[A:༨༤བ]སེང་མ་ལས་རྡོ་རྗེ་ཡི། །ཐེག་པ་དགོངས་པ་དུ་མ་བཞེས། །གསུངས་པ་དེ་ཉིད་མཐོང་ན་ཡང་། །མཁའ་འགྲོས་བྱིན་རླབས་བིརྺ་སོགས། །གྲུབ་ཐོབ་རྣམས་ལ་བརྟེན་དགོས་ཞེས། །འདི་འདྲ་མ་མཐོང་རྒྱུད་དོན་རྣམས། །རང་དགར་རྟོག་གེའི་རིགས་པས་འཆད། །བིརྺའི་སྙན་བརྒྱུད་ཟབ་མོ་རྣམས། །རྒྱུད་དང་རྒྱ་གཞུང་འགལ་ལོ་ཞེས། །འབྲེལ་མེད་ཚིག་འདི་གཞན་ལུགས་བཞིན། །སྙན་བརྒྱུད་ཡི་གེ་མེད་པའི་རྟགས། །དེ་ཡི་ཟིན་སོ་མཁས་པས་ཁྲེལ། །འཁོར་ལོ་དྲུག་པའང་ལྔ་པོ་བཞིན། །དོན་གྱིས་བསྟན་ཞིང་མ་བསྟན་ན། །ཁྱེད་ཀྱི་རྒྱུད་དོན་ཇི་ལྟར་འཆད། །ཁྱད་པར་རྒྱས་བཏབ་ཟུར་དུ་གསུངས། །འགལ་ཡང་སྙན་བརྒྱུད་ག་ལ་གནོད། །འཁོར་ལོ་དྲུག་པ་མན་ངག་ལུགས། །གདན་སོགས་ཡི་གེར་ཤིན་ཏུ་གསལ། །དབུ་རྒྱན་རང་ཆས་ཟེར་བ་དེ། །སྙན་བརྒྱུད་མེད་པའི་བབ་ཅོལ་ཡིན། །གསུང་ངག་མ་རྫོགས་རང་རིགས་སོགས། །རྒྱས་གདབ་དགོས་པ་སྙིང་པོ་དེ། །ཞིབ་ཏུ་གསང་གཏམ་མི་སྒྲོག་གོ །ཞེས་གསུངས་ལ། སྒྱི་ཆུ་བ་བུདྡྷ་ཤྲཱིའི་ནོར་བུའི་ཕྲེང་བར་ཕྱོགས་སྔ་མའི་རྗེས་སུ་ཟློས་པ་ཤེས་པའང་ངོ་མཚར་ཆེ་མོད། དེས་ཀྱང་ད་དུང་སྐབས་དོན་འགྲུབ་པ་མ་ཡིན་ཏེ། སྲས་དོན་མའི་རྒྱས་གདབ་ནི་རྒྱས་གདབ་རྫོགས་པའི་སྐབས་ལ་དགོངས་པས་འཕགས་པའི་ལུགས་ལྟར་བྱེད་དགོས་ཏེ། སྙན་བརྒྱུད་ཀྱི་སྐབས་ཐ་དད་པ་ཡིན་པའི་ཕྱིར། མན་ངག་དང་ལྡན་པའི་བཤེས་གཉེན་ལ་གཏུགས་ཤིག་ཅེས་པ་ཙམ་ལས་ཡང་ལན་རྒྱས་པ་མ་མཛད་ལ། དེ་ལྟར་མཁས་པ་སོ་སོའི་བཤད་ཚུལ་དེ་དག་ལས། པཎ་ཆེན་གྱིས་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པ་དང་། སྲས་དོན་མ་