R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༡བ
[A:༩༡བ] །འོན་ཀྱང་ལུགས་གཉིས་སོ་སོར་ངེས། །བུ་རམ་ཕྱི་དྲོ་འདོད་པ་དང་། །མི་འདོད་འགལ་བ་མེད་པ་བཞིན། །གཅིག་ཏུ་ངེས་ན་ཧ་ཅང་ཐལ། །དོན་དམ་ཤེས་བྱར་ཁས་ལེན་པའི། །དཔེ་དེ་ད་དུང་བསྒྲུབ་བྱ་ཡིན། །ཞེས་དང་། འོ་ན་སྔོན་གྱི་ལམ་འབྲས་པ། །ཀྱེ་རྡོར་དབང་ཞུས་ཐམས་ཅད་ལ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་། །དངོས་སུ་སྐྱེ་བར་འདོད་དམ་ཅི། །ལོ་རྒྱུས་ཀུན་ལས་ཚོགས་འཁོར་བཤད། །ཁྱད་པར་གྲུབ་ཆེན་བུདྡྷ་ཤྲཱིས། ཚོགས་འཁོར་མཛད་པའི་རྣམ་ཐར་ལྟོས། །རབ་བྱུང་ཚོགས་འཁོར་མི་རུང་ན། །དགེ་སློང་དཔའ་བོ་རྡོ་རྗེ་དེ། །ཚོགས་འཁོར་གཤེགས་པའང་མི་བདེན་ནམ། །འདི་རྣམས་བོད་རྣམས་བྱུང་རྒྱལ་སྨྲས། །ཚིམ་པ་དྲུག་པའི་ཉམས་ལེན་དང་། །མཆོག་དབང་གསུམ་པོ་མཚུངས་པའི་ཕྱིར། །ཚོགས་འཁོར་བཞིན་དུ་དེ་ལ་ཡང་། །དངོས་བཏགས་གཉིས་སུ་འབྱེད་དགོས་འགྱུར། །ཚོགས་འཁོར་དབང་བསྐུར་གཉིས་ཀ་ལ། །དངོས་བཏགས་འབྱེད་ན་རྟོག་བཟོ་ཡིན། །ཞེས་པ་དང་། འདི་དག་གནད་ཀྱི་སྙིང་པོའི་ལན། །རྗེ་ཡི་རྩ་ལྟུང་འཁྲུལ་སྤོང་ལས། །རབ་བྱུང་ཕྱི་དྲོ་མི་ཟ་བའང་། །བཅུ་གསུམ་པ་ཡི་ལྟུང་བས་འཇིག །ཅུང་ཟད་འཐུང་ཞིང་ཁ་ཟས་བསྟེན། །སྣོད་མིན་དྲུང་དུ་རབ་བྱུང་ལ། །དེ་སྐད་སྨྲ་ན་རྩ་ལྟུང་གསུངས། །ཚོགས་འཁོར་དུས་སུ་རབ་བྱུང་གིས། །བསླབ་པས་བཅིངས་ནས་ཆང་འཐུང་དང་། །ཕྱི་དྲོའི་ཁ་ཟས་བསྟེན་པ་ཡིས། །ལྟུང་བ་བྱུང་དོགས་མ་བསྟེན་པ། །རྩ་བར་གསུངས་ཤིང་ནད་པ་ཡིས། །རེག་པ་ཙམ་ལས་མི་བསྟེན་ཡང་། །ཉེས་མེད་རིལ་བུ་བསྟེན་པ་ནི། །འདི་ཡི་སྐབས་ནི་མིན་ཞེས་གསུངས། །གལ་ཏེ་གོང་དུ་བཤད་པ་