R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༢ན
[A:༩༢ན]ལྟར། །བཅས་འགལ་དོགས་པས་རྩ་ལྟུང་སྟེ། །བཅས་འགལ་མེད་ནའང་བསྟན་པ་བསམས། །ཚོགས་འཁོར་མེད་ཕྱིར་མི་འགལ་ན། །འོ་ན་དེ་འདྲའི་དགོས་མེད་པའི། །རབ་བྱུང་ཚོགས་འཁོར་རུང་བར་མཐུན། །བསྟན་ལ་ཕན་ནམ་མིན་ཡང་རུང་། །དགོས་པ་གཙོ་བོར་རྗེ་བཙུན་བཞེད། །ཆང་ནི་འོ་མར་བསྒྱུར་ནུས་པ། །ཚོགས་འཁོར་འཆད་དུས་ཁྱེད་ཉིད་འདོད། །འོ་མའི་ལྟུང་བའི་ཉེས་པ་གང་། །དེ་ལ་མ་དད་གང་ལ་འོང་། །བསྟན་ལའང་གནོད་པར་ཇི་ལྟར་འགྱུར། །ནད་ལ་གནོད་པའང་དཀའ་པ་ཡིན། །གཞན་གྱི་རབ་བྱུང་ཚོགས་འཁོར་དུས། །ཤ་ཆང་བསྟེན་ཞེས་སྣོད་མིན་བསྒྲགས། །རང་གིས་ཚོགས་འཁོར་མ་བྱས་པས། །ཁྱེད་ལ་ལྟུང་བ་གཉིས་སུ་འགྱུར། །ཚོགས་འཁོར་མ་བྱས་རྩ་ལྟུང་སྟེ། །མ་བསྟེན་པ་ཞེས་རྩ་བ་དང་། །འགྲེལ་པར་དམ་རྫས་མི་བསྟེན་ཞེས། །མ་མཐོང་ཕྱོགས་མཐོང་གཞན་ལ་སྨོད། །རང་ཉིད་ངོ་ཚ་གཞན་གྱིས་ཁྲེལ། །འཁྲུལ་སྤོང་དོན་ཡང་དང་པོ་ཡི། །ལས་ཅན་རྣམས་ཀྱིས་རུང་བ་སྟེ། །ལྗོན་ཤིང་ཉིད་ལས་དམ་ཚིག་དང་། །ཚོགས་འཁོར་གནས་དང་གང་ཟག་གསུམ། །ཆོས་རྗེས་ཚོགས་འཁོར་རྩོད་སྤོང་ལས། །གནས་དང་མདུན་བསྐྱེད་ཚོགས་འཁོར་དུས། །བཟོད་གསོལ་སྐབས་དང་རྣམ་པ་བཞིར། །ལས་ནི་དང་པོ་ཞེས་བྱ་བ། །ཁུ་དབོན་གཉིས་ཀྱིས་གསུངས་པ་འདི། །ལོག་རྟོག་བྲག་རི་འཇོམས་པའི་ཐོག །ཚིམ་པ་དྲུག་ལའང་རྣམ་གཉིས་ཏེ། །ཕྱག་རྒྱ་བསྟེན་དང་ཏིང་འཛིན་གཉིས། ཕྱི་མ་ཌོམྦྷི་ཧེ་རུ་ཀས། །མར་དང་མར་གྱི་ཉིང་ཁུ་ཡིས། །སྙིང་ག་རུ་ནི་བྱུག་པར་བྱ། །ཇི་སྐད་གསུངས་པ་དེ་བཞིན་