R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧བ
[A:༡༠༧བ]ལེན་དགོས་ཤིང་། རིན་ཆེན་འབར་བ་དང་། ཡན་ལག་དྲུག་པ་དང་། ཀུ་མུ་ཏིར་བཤད་པ་རྣམས་གྲངས་མི་འདྲ་བ་ཅུང་ཟད་ལ་འགལ་བ་མེད་པར་ཁོ་བོ་སེམས་སོ། སྙིང་པོ་དོན་གསལ་ལས། དེ་སླད་ཁྱོད་ཞབས་ཕྱག་དང་ཕྱག་མཚན་གཞན་དབང་ཁོ་ནར་བདག་གིས་འཚལ། །ཞེས་བཤད་པའི་ཕྱིར་རོ་ཞེས་སོགས་གསུངས་སོ། །གཉིས་པ་རྩེ་མོའི་བཀའ་བསྒྲུབ་པ་ལ། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་རྗེས་འབྲངས་ཁ་ཅིག་རང་གིས་བཞག་པའི་དཀྱིལ་འཁོར་གྱི་ཚད་དང་གཞལ་ཡས་ཁང་གི་ཡི་གེ་འདི་འགལ་བར་མཐོང་ནས་ཧྭ་ཤང་གི་དགོངས་འགྲེལ་ལྟར་འདིར་ཡང་སྨྲ་བར་བྱེད་དོ་ཞེས་ཕྱོགས་སྔ་བཀོད་ནས་མི་འཐད་དེ། ཆོས་རྗེ་བླ་མས་གོང་མའི་བཀའ་འབུམ་བསྒྲིགས་པའི་ནང་དུ་མ་ཆུད་ཀྱང་། ཐེག་ཆེན་ཆོས་རྗེའི་ཕྱག་དཔེའི་མཇུག་ཏུ། འདི་ལ་ཕྱི་མོ་དུ་མ་སྣང་ཡང་བཀའ་འབུམ་སྔ་མ་རྣམས་སུ་མ་བཅུག ཕྱིས་སྒོ་རུམ་དཔེ་ཁང་ནས་ཀྱང་བླ་དཔེ་རྙིང་པ་བྱུང་བ་མཐོང་ནས་ཡིད་ཆེས་པར་བྱས་ཏེ་བཀའ་འབུམ་ཕྱི་མ་རྣམས་སུ་བཞུགས་སུ་གསོལ་བ་ཡིན་ནོ་ཞེས་གསུངས་པས་ཚད་མར་ངེས་པའི་ཕྱིར་ཞེས་སོགས་གསུངས་པའི་ལན་དུ། མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་ཚིག་དོན་མུན་སེལ་ལས་སྒོ་རུམ་དཔེ་ཁང་ན་བླ་དཔེ་རྙིང་པ་ཡོད་པ་དང་། ཐེག་ཆེན་ཆོས་རྗེས་བཀའ་འབུམ་ཕྱི་མ་རྣམས་སུ་བཅུག་པས་རྗེ་བཙུན་སྐུ་མཆེད་ཀྱིས་མཛད་པར་སྒྲུབ་མི་ནུས། འོན་ཀྱང་གཞུང་འདིར་རྒྱུད་འགྲེལ་གྱི་ལུང་དང་བཅས་ཏེ་གཞལ་ཡས་ཁང་གི་གནས་ལུགས་ལ་སྒྲོ་འདོགས་གཅོད་པ་རྣམ་བཤད་ཟླ་ཟེར་དུ་བཤད་པ་བཞིན་མི་སྣང་ཡང་། སྒྲུབ་པ་པོའི་བློ་ལ་བསྒོམ་བདེ་ཞིང་གནད་མ་འཁྲུགས་པ་ཞིག་ནི་ཡིན་