R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༧ན
[A:༢༧ན]ཡོངས་མི་བྱ། །གསུམ་མམ་གཉིས་སམ་བཞི་ཡང་རུང་། །བླ་མས་དབང་བསྐུར་བྱས་ན་ནི། །ཡོ་བྱད་གསར་པ་གཞན་རྣམས་ཀྱིས། །ཐམས་ཅད་སོ་སོ་སོ་སོར་བྱ། །རིགས་ལྔའི་དབང་ནི་ཐོབ་པ་ལ། །བསྒྲུབ་པའི་དཀྱིལ་འཁོར་དབང་བསྐུར་བྱ། །དབང་བསྐུར་པ་ཡི་ཆོ་ག་དང་། །བསྒྲུབ་པའི་ཆོ་ག་དེ་བཞིན་བྱ། །ཞེས་གསུངས་པ་ལ་འཁྲུལ་པ་འདྲ། གཞན་སློབ་མ་གཉིས་དང་བཞི་དཀྱིལ་འཁོར་དུ་འཇུག་པ་སྟོན་པའི་ཚིག་རྒྱུད་དེར་མེད། ལུང་དེའི་དོན་ནི་སྟ་གོན་དང་འཇུག་པ་དང་། ཆུ་དང་ཅོད་པཎ་གྱི་དབང་རྣམས་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་ལ་ཅིག་ཅར་བྱས་ནས་བསྒྲུབ་པའི་དཀྱིལ་འཁོར་གྱི་དབང་བསྐུར་བྱ་བའི་ཚེ་སློབ་མ་གཅིག་ཁོ་ན་ལ་བྱ་བ་ཡིན་གྱིས། གཉིས་དང་གསུམ་དང་བཞི་ལ་སོགས་པ་ཅིག་ཅར་མི་རུང་བར་རྒྱུད་དེར་གསལ་བར་གསུངས་ལ། གལ་ཏེ་དུ་མ་ལ་བྱ་དགོས་ན་ཡོ་བྱད་གསར་པ་སྦྱར་ནས་རེ་རེ་བཞིན་སོ་སོར་བྱ་བར་གསུངས་བཞིན་དུ། དེའི་དོན་གཉིས་དང་བཞི་ལ་སོགས་པ་སློབ་མ་ཟུང་དུ་གྱུར་པ་ཅིག་ཅར་འཇུག་པ་ལ་འཆད་པ་ནི་བློ་གྲོས་རྩིང་པ་ཡིན་ཞེས་གསུང་བ་ཙམ་མཛད། དྲངས་མ་ཐག་པའི་སྤྱི་རྒྱུད་ཀྱི་ལུང་དེའི་དོན་ལ་མཁན་ཆེན་ཐམས་ཅད་མཁྱེན་པའི་གསུང་ལས། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །ཞེས་པ་ནས། ཐམས་ཅད་སོ་སོ་སོ་སོར་བྱ། །ཞེས་པའི་བར་གྱིས་བསྟན་པའི་དབང་དང་། བསྒྲུབ་པའི་དཀྱིལ་འཁོར་དབང་བསྐུར་བྱ། །ཞེས་པའི་དབང་གཉིས་མི་གཅིག་སྟེ་བསྒྲུབ་པའི་དཀྱིལ་འཁོར་གྱི་དབང་ནི། ཐམས་ཅད་སོ་སོ་སོ་སོར་བྱ། །ཞེས་པའི་