R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣༩བ
[A:༣༩བ]བའི་སྐབས་བཞིན་བསྒོམ་དགོས་པར་གསུངས་པ་སོགས་དང་འགལ་ཞིང་། གཞན་ཡང་ཁྲིད་ཀྱི་སྔོན་འགྲོ་ཡིན་པས་བསག་སྦྱོང་གཉིས་སྣང་གསུམ་གྱི་སྔོན་དུ་འགྲོ་དགོས། དེ་བྱས་ན་དབང་མ་ཐོབ་པའི་བླ་མ་ཚོགས་ཞིང་དུ་མི་རུང་བར་ཆོས་རྗེ་ས་པཎ་གྱིས་བཤད་པ་དང་འགལ་བ་དང་། རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱང་དབང་མ་ཐོབ་ན་མི་རུང་བས་དེ་བྱས་ན་སྒྲིབ་པ་སྦྱོང་བསག་གང་དུ་འགྲོ་མི་ཤེས། གལ་ཏེ་བསག་སྦྱོང་གཉིས་དབང་གི་རྗེས་སུ་བྱེད་ཟེར་ན། འོ་ན་དེ་གཉིས་ཁྲིད་ཀྱི་སྔོན་འགྲོ་མིན་པའམ། སྣང་གསུམ་ཁྲིད་མིན་པ་གང་རུང་ལས་མ་འདས། སྣང་གསུམ་ཁྲིད་མིན་ན་གསུང་ངག་ལམ་འབྲས་ལ་ཁྲིད་ཚུལ་ཉེར་བརྒྱད་ཉེར་དགུ་སོགས་སུ་དཀར་ཆག་ལས་གསུངས་པ་དང་འགལ་ཞེས་པའི་དོན་ནོ། །དེ་ནས། མདོར་ན་སྣང་བ་གསུམ་གྱི་སྔོན། །ཞེས་པ་ནས། ལེགས་པར་ཐོབ་ཅེས་གསུངས་ཕྱིར་རོ། །ཞེས་པའི་བར་གྱིས་སླར་ཡང་སྣང་གསུམ་གྱི་སྔོན་དུ་དབང་དགོས་པའི་ཤེས་བྱེད་འདོན་པ་སྟེ། དེའང་མདོར་ན་སྣང་བ་གསུམ་གྱི་སྔོན་དུ་སྔོན་འགྲོ་བཅུ་གཉིས་འགྲོ་དགོས་པར་རྗེ་བཙུན་གྱིས་དབང་པོ་རབ་འབྲིང་གསུམ་གྱི་བཀྲི་བའི་གཞུང་ཤིང་དང་། ཆོས་རྗེ་ས་པཎ་གྱིས་མཛད་པའི་ཁྲིད་ཡིག་དཀར་ཆག་དང་། ཚོགས་བསྒོམ་རིན་པོ་ཆེའི་དངོས་སློབ་ཉན་གཉགས་གཉིས་ཀྱི་གཞུང་ཇི་ལྟ་བ་བཞིན་བཀྲི་བའི་ཁྲིད་ཡིག་དང་། ཆོས་རྗེ་དཔལ་ལྡན་བླ་མ་དམ་པའི་ཁྲིད་ཡིག་སྦས་དོན་གསལ་བ་རྣམས་སུ་གསལ་བར་གསུངས་ཤིང་། ཁྲིད་ཡིག་དེ་ཚད་མར་ནི་གསན་ཡིག་རྒྱ་མཚོར་བཤད། སྣང་གསུམ་གྱི་སྔོན་དུ་སྔོན་འགྲོ་དེ་དག་བྱེད་པར་འདོད་དགོས་ལ། དེས་སྣང་གསུམ་གྱི་སྔོན་དུ་དབང་