R398: དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་གསུང་ངག་རིན་པོ་ཆེའི་ཕྱག་ལེན་གྱི་རིམ་པ་འགའ་ཞིག་ལས་བརྩམས་ཏེ་སོ་སོའི་བཞེད་སྲོལ་རྣམས་ལེགས་པར་བཤད་པ་ལུགས་གཉིས་ཟབ་དོན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༡བ
[A:༤༡བ] །བཅིངས་པར་གྱུར་པས་མི་ངལ་ལམ། །ཕྱི་ནས་བག་ཡོད་བསྟེན་པར་རིགས། །ཞེས་གསུངས། གཉིས་པ་རྣལ་མའི་ལན་ལ། གཉིས་པ་ངེས་པའི་ལན་དུ་ནི། །སྣང་གསུམ་ཐུན་མོང་ལམ་ཡིན་པ། །ཉེས་དམིགས་བྱམས་དང་སྙིང་རྗེ་སོགས། །ཐེག་པ་གཞན་ལའང་ཡོད་བསམ་མོད། །དེ་ལྟ་ཡིན་ན་ལྟ་ཁྲིད་ཀྱང་། །ཐུན་མོང་འགྱུར་ཏེ་དེ་བས་ཀྱང་། །ཐུན་མོང་འགྱུར་ཏེ་དེ་བས་ན། །དབང་བསྐུར་དང་ནི་སྔོན་འགྲོ་ཡང་། །ཕྱིས་ནས་བྱེད་པ་ཅིས་མི་རིགས། །འདི་ནི་ཐུན་མོང་མ་ཡིན་ཏེ། །སྒོམ་པ་གསུམ་གྱིས་ཟིན་པའི་ཕྱིར། །ཁྱད་པར་ལམ་འབྲས་ཁྲིད་ཡིན་ན། །ཐུན་མོང་མ་ཡིན་ཁྲིད་དུ་ངེས། །ལམ་འབྲས་མིན་ན་ཚིག་རྐང་དུ། །ལམ་འབྲས་འདྲི་ཞེས་དམ་བཅས་ནས། །ལམ་འབྲས་མིན་པ་བྲིས་གྱུར་ན། །རྣལ་འབྱོར་དབང་ཕྱུག་འཁྲུལ་ལགས་སམ། །མདོར་ན་དབང་བསྐུར་མ་བྱས་པར། སྣང་བ་གསུམ་གྱིས་བཀྲི་བའི་ཚེ། །ཉམས་ཀྱི་སྣང་བའི་རྟེན་ལ་ནི། །ཁྱད་ཆོས་གསུམ་གྱི་རྒྱུད་དག་ལ། །ཐོས་བསམ་དབང་གིས་རྒྱུད་དག་པར། །དགོས་པར་གསུངས་ན་མི་འདོད་ཅིང་། །ཐུན་མོང་མིན་པའི་ཉམས་སྣང་ནི། །རིམ་གཉིས་བསྒོམས་པ་ལས་བྱུང་བའི། །ཉམས་སྣང་འཆར་ཚུལ་རྣམས་གསུངས་ན། །གསང་སྒྲོག་འགྱུར་བ་མ་ཡིན་ནམ། །ཐུན་མོང་ཡིན་ན་ཉམས་བཅོ་ལྔ། །སོགས་དང་དག་པའི་སྣང་བ་ཡི། །བདེ་བར་གཤེགས་ཚུལ་ལ་སོགས་པ། །མདོ་སྡེའི་གསུངས་རབ་གང་ན་བཤད། །ཁྱད་པར་གཞུང་བཞིན་བཀྲི་བར་ནི། །སྣང་བ་གསུམ་གྱིས་བཀྲི་གསུངས་ནས། །དེ་རྗེས་ཁོ་ནར་རྒྱུད་གསུམ་གྱིས། །དཀྲི་བར་གསུངས་ན་བར་སྐབས་དེར། །རྒྱུ་དབང་བསྐུར་བ་སུ་ཡི་