R4: གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

  • Pagination (Witness A): ༡༤༥
[A:༡༤༥]གངས་ཁྲོད་པ་རྣམས་ལ་བཀའ་དྲིན་འགྲན་ཟླ་མ་མཆིས་པ་ཐོན་མི་སམྦྷོ་ཊས་མཛད་པའི་སུམ་རྟགས་དང་། དེ་དག་ལ་བརྟེན་ནས་བོད་ཀྱི་མཁས་པའི་དབང་པོ་རྣམས་ཀྱི་ཡི་གེའི་བརྡ་དག་གི་བསྟན་བཅོས་མང་དུ་སྣང་བ་རྣམས་ལ་བརྟེན་ནས་སྡེབ་ཀྱི་སྦྱོར་ལུགས་མཐའ་དག་ལ་ཞིབ་མོར་དཔྱད། རྒྱུད་འབུམ་སོགས་སུ་ལེགས་པར་སྦྱར་བ་ལྷའི་སྐད་ཀྱི་སྔགས་མཐའ་དག་བྱཱ་ཀ་ར་ཎའི་དོན་ཁོང་དུ་ཆུད་པའི་སྐད་གཉིས་སྨྲ་བ་རྣམས་ཀྱིས་རང་བཞིན། རྐྱེན། རྣམ་འགྱུར་གསུམ་ལ་བརྟེན་ནས་གཏན་ལ་ཕབས་པས། བཀའ་འགྱུར་དེ་རྣམས་གཅིག་ཏུ་བསྟན་པའི་རྩ་ལག་ལྟ་བུར་གྱུར། གཙུག་ཏོར་དྲི་མ་མེད་པའི་གཟུངས་གསེར་གྱིས་བཞེངས་པའི་སྙིང་པོ་ཅན་གྱི་རྟེན་འབུམ་ཐེར་གྲངས་མང་བ་དང་། འབུམ་ཐེར་དགུང་ལོའི་གྲངས་ལོ་རེ་བཞིན་བཞེངས་པ། སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱིས་ཆོས་འབྱུང་མིག་འབྱེད་འོད་སྟོང་མཛད་པའི་ལོ་ས་ཁྱི་ཡན་ལ་ལོ་ཉི་ཤུ་རྩ་གཉིས་སྟར་ཆགས་སུ་བྱུང་བར་གསུངས་འདུག་པས་དེ་ནས་ཀྱང་ས་ཕག་ནས་ལྕག་ཕག་གི་བར་ལོ་བཅུ་གསུམ་གྱི་རིང་རྒྱུན་མི་ཆད་པར་མངོན། གཞན་ཡང་རིས་སུ་མ་ཆད་པའི་གྲུབ་པའི་མཐའ་མཐའ་དག་ལ་བསྙེན་བཀུར་དང་། ཡོངས་འཛིན་རྣམས་ལ་ཆོས་ཀྱི་གསན་པ་མཛད་པ། པཎ་ཆེན་ཤཱཀྱ་ཤྲཱིའི་རྒྱུན་འཛིན་ཚོགས་སྡེ་འགའ་ཞིག་ལ་བསྟན་པའི་རྩ་ལག་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཐུགས་དམ་བདེ་གཤེགས་བདུན་གྱི་སྨོན་ལམ་འབུམ་ཕྲག་མང་དུ་བསྐུལ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་སྲིད་འདིའི་ལེགས་བྱས་རྣམ་པར་དཀར་བའི་ནམ་མཁའི་གླང་པོ་ཡོངས་སུ་འཁྲིགས་པ་ལས་བྱུང་བའི་འཕྲལ་ཡུན་ཀུན་ཏུ་དགེ་ལེགས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་གྲུ་ཆར་གྱིས། ཡེ་ཤེས་མཆོག་གི་མྱུ་གུ་ཟད་མི་ཤེས་པའི་ཟོང་དུ་བསྐྲུན་པའི་ཐབས་མཁས་ཀྱི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་ཀུན་མཁྱེན་ཟས་གཙང་སྲས་པོས་ཆོ་འཕྲུལ་བསྟན་པའི་དུས་ཁྱད་པར་ཅན་ཆུ་ཤེལ་དབང་པོ་རྟ་ཆེན་དགའ་མའི་ཁྱིམ་དུ་རྩེ་