R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 9
[A:9]འབྱུང་བས་ལྕགས་འབྲུག་དང་འགྲིག་གི། ཆུ་རྟ་དང་སྦྱར་ན་ཊཱིཀ་ཆེན་རང་དུ་སྟོན་པ་སངས་རྒྱས་པའི་ཕྱི་ལོ་ནས། གྱ་གཅིག་པ་མྱ་ངན་ལས་འདས་པའི་བར་ལོ་གྲངས་བཞི་བཅུ་རྩ་དྲུག་ཡོད་པར་གསུངས་པ་དང་ཡང་འགལ་བས་བསམ་པར་བྱ་ད་གོས་ལ། པད་དཀར་ཞལ་ལུང་པ་ལྕགས་སྤྲེལ་ལ་འཁྲུངས་ནས། གྱ་གཅིག་པར་ལྕགས་འབྲུག་ལ་རྩ་རྒྱུད་གསུངས་པར་འཆད་ཀྱང་ཊཱིཀ་ཆེན་དང་མི་མཐུན་ནོ། ། ཟླ་བཟང་གི་རྗེས་སུ་ལྷ་དབང་ལ་སོགས་[B:9]པའི་ཆོས་རྒྱལ་དྲུག་གིས་ལོ་བརྒྱ་བརྒྱར་རྩ་རྒྱུད་བསྟན་ཅིང་། རིགས་ལྡན་གྲགས་པ་ནི་རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། ། དྲང་སྲོང་ནམས་ནི་སྨིན་དོན་དུ། ། འཇམ་དབྱངས་མི་བདག་གྲགས་པ་ནི། ། ཤམ་བྷ་ལ་ཞེས་བྱ་བར་འབྱུང་། །ཞེས་དང་། ལོ་འདི་ནས་ནི་དྲུག བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང་། ཞེས་འབྱུང་བ་ཉིད་ཀྱིས་རྩ་རྒྱུད་བསྟན་པ་ནས་ལོ་དྲུག་བརྒྱའི་དུས་སུ་བྱུང་། འོ་ན་མཆོག་མི་འགྱུར་གྱི་མདོར་བསྡུས་སུ་འཇམ་དཔལ་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ཤམ་བྷ་ལའི་ཡུལ་དུ་ཤཱཀྱའི་རིགས་ལ་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་ལྷའི་དབང་ལྡན་གྱི་སྲས་རིགས་ལྡན་གྲགས་པ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །ཞེས་[B:9a]འབྱུང་བས་རྩ་རྒྱུད་བསྟན་པའི་ལོ་དང་མྱ་ངན་ལས་འདས་པའི་ལོ་གཉིས་གཅིག་ཏུ་ཁས་བླང་ངམ་ཞེ་ན། མི་འཐད་པ་སྔར་བཤད་པས་ཤེས་ལ། ང་མྱ་ངན་ལས་འདས་ནས་ཞེས་པའི་སྐད་དོད་རྒྱ་དཔེ་རྙིང་པ་འགའ་ཞིག་ལ་མི་འབྱུང་བས། དེ་ཡོད་པའི་རྒྱ་དཔེ་མ་དག་པ་ཡིན་ཞེས་དུས་འཁོར་བ་སྔ་མ་
ཇོ་ནང་པ
ཁ་ཅིག་གསུང་བ་ལྟར་འདོད་དོ། །རིགས་ལྡན་འདི་སྐུ་ཚེ་ལོ་བརྒྱར་