R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 10
[A:10]བཞུགས་པ་ཕལ་ཆེར་རྩ་རྒྱུད་བསྟན་ཅིང་། མཇུག་ཏུ་བསྡུས་པའི་རྒྱུད་མེ་ཏོག་འཕྲེང་འཛིན་གྱི་ཚིགས་བཅད་སུམ་ཅུ་པ་རྩ་བའི་རྒྱུད་ལས་བཏུས་པ་མཛད། དེའི་སྲས་རིགས་ལྡན་པདྨ་ད་ཀར་པོས་ལོ་བརྒྱའི་རིང་ལ་བསྡུས་རྒྱུད་བསྟན་ཅིང་། འགྲེལ་ཆེན་དྲི་མེད་འོད་སྟོང་ཕྲག་བཅུ་གཉིས་པ་མཛད། དེའི་སྲས་རིགས་ལྡན་བཟང་པོ་ནས་ཤིན་ཏུ་བཟང་པོའི་བར་བདུན་གྱིས་[B:10]ཀྱང་ལོ་བརྒྱ་བརྒྱར་བསྡུས་རྒྱུད་བསྟན། གྲགས་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་སོང་བ་ན་རིགས་ལྡན་ཤིན་ཏུ་བཟང་པོ་འདས་ཤིང་། རྒྱ་མཚོ་རྣམ་རྒྱལ་རྒྱལ་སར་བྱོན། དེའི་ཚེ་རྒྱ་གར་གྱི་ཡུལ་ཕྲན་མ་གྷ་ངྷའི་ཡུལ་དུ་ཀླ་ཀློའི་ཆོས་ཞུགས་པ་ཡིན་པ་ནི། རྩ་རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་གྷ་ངྷའི་ཡུལ་དུ་ཀླ་ཀློའི་ཆོས་དག་འཇུག་ཅེས་དང་། རིགས་ལྡན་རིགས་ཀྱི་ནང་ནས་ལག་པས་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། དེའི་དུས་སུ་ངེས་པར་མ་གྷ་ངྷའི་ཡུལ་དུ་ཀླ་ཀློའི་ཆོས་དག་འཇུག་ཅེས་གསུངས་པ་རྣམས་ལས་ཤེས། ཀླ་ཀློའི་གནས་ཚད་ཀྱང་རྩ་རྒྱུད་ལས། དེ་ལྟར་དུམ་བུ་ཐམས་ཅད་དུ་ཡང་དུས་བཞིའི་དུས་སུ་ཀླ་ཀློའི་[B:10a]ཆོས་ནི་རབ་ཏུ་འཇུག་པ་སྟེ། ལོ་ནི་བརྒྱ་དང་བརྒྱ་ཕྲག་གཅིག་ཏུ་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པའོ། །ཞེས་འབྱུང་བ་ལྟར་ལོ་གྲངས་སྟོང་བརྒྱད་བརྒྱ་ཡིན་ཞིང་། ཀླ་ཀློ་འཇོམས་པ་པོ་འཇམ་དབྱངས་གྲགས་པའི་སྤྲུལ་པ་རིགས་ལྡན་དྲག་པོ་ཡིན་པ་ནི། རྒྱུད་ཕྱི་མ་ལས། དེ་ལ་བཅོ་བརྒྱད་ལོ་ཡི་བརྒྱ་ཕྲག་བསྒྱུར་ཏེ་བརྒྱ་ཡི་འཕགས་པའི་ཡུལ་གྱི་མ་གྷ་ངྷ་ལ་སོགས་པར། ཀླ་ཀློ་རྣམས་ཀྱི་གྲགས་པ་གང་དང་གང་ཞིག་མུན་ཅན་དུ་གྱུར་པ་དེ་རྣམས་བདག་གི་དྲུང་ཕྱུང་སྟེ། ཞེས་གསུངས་པས་ཤེས། ཀླ་ཀློའི་