[A:12]ནས་ལོ་དྲུག་བརྒྱ་ན་འཇམ་དཔལ་གྱི་དུས་སོ། །[B:12]དེ་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློའི་དུས་སོ། །ཀླ་ཀློའི་དུས་དེ་ལས་བརྒྱད་ཅུ་རྩ་གཉིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་ཀ་གང་གི་ཉུང་ངུའི་བྱེད་པ་རྣམ་པར་སྦྱོང་བ་རིགས་ལྡན་རྒྱལ་ཀའི་དུས་སོ། །དུས་དེ་ཉིད་ནི་གྱེད་པ་ལ་ངེས་པར་འགྱུར་ཏེ་ཀླ་ཀློའི་དུས་སོ། །རབ་བྱུང་ལས་སོགས་མདས་པ་ཞེས་པ་ནི་ལོ་དྲུག་ཅུ་པོ་གང་གི་དང་པོ་རབ་བྱུང་ཡིན་པ་དེ་ནི་རབ་བྱུང་ལ་སོགས་པ་སྟེ། དེ་དག་ལས་སོ་སོར་ད་ལྟ་བའི་ལོའི་སྔ་མའི་ལོ་ནི་རབ་བྱུང་ལས་སོགས་འདས་པའོ། །དེ་གསུམ་ལྷག་པའི་བཞི་བརྒྱ་ལ་བསྲེས་པ་ནི་ཀླ་ཀློའི་ལོར་རབ་ཏུ་འགྲུབ་པར་འགྱུར་རོ། །ཞེས་གསལ་བར་འབྱུང་བས་ཤེས་སོ། །ཡང་འགྲེལ་ཆེན་ལས། ཀླ་ཀློའི་དབང་པོའི་ལོ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པ་བརྒྱད་[B:12a]ཅུ་རྩ་གཉིས་ལྷག་པའི་བརྒྱ་ཡིས་དམན་པ་ནི་ལག་པ་གདེངས་ཅན་ཟླ་བས་དམན་པ་སྟེ། ཤམ་བྷ་ལའི་ཡུལ་དུ་རིགས་ལྡན་རྒྱལ་ཀའི་དུས་ཀྱི་ལོའོ། །ཞེས་མེ་མཁའ་རྒྱ་མཚོའི་ལོའི་སྟེང་ནས་ལག་པ་གདེངས་ཅན་ཟླ་བས་དམན་པའི་ལྷག་མ་ཉིས་བརྒྱ་ཉེར་གཅིག་རྒྱལ་ཀའི་ལོ་གྲངས་ཡིན་པར་དངོས་སུ་གསུང་པས། ལག་པ་གདེངས་ཅན་ཟླ་བ་སྟེ། བརྒྱ་བརྒྱད་ཅུ་རྩ་གཉིས་རྒྱ་མཚོ་རྣམ་རྒྱལ་གྱི་ལོ་གྲངས་སུ་དོན་གྱིས་འགྲུབ་པ་སྟེ་སྔ་མ་གསལ་དུ་བཏང་བའོ། །བསྐལ་པ་ལ་དུས་བཞི་ཆེན་པོ་འབྱུང་བ་བཞིན་དུ་བསྟན་པ་ལ་དུས་བཞི་ཡོད་ལ། དེ་ཡང་སྔ་ཕྱི་གཉིས་ཏེ། སྔ་མ་ནི་སྟོན་པས་རྩ་རྒྱུད་བསྟན་པ་ནས་རིགས་ལྡན་ཤིན་བཟང་གི་བར་ལོ་སྟོང་ལྔ་བརྒྱ་མེ་མཁའ་རྒྱ་མཚོའི་ལོ་བཞི་བརྒྱ་དང་གསུམ། སྟོན་པ་སངས་[B:13]རྒྱས་ནས་རྩ་རྒྱུད་གསུངས་པའི་བར་གྱི་ལོ་གཅིག་རིགས་ལྡན་ཉི་མ་ནས་དྲག་པོའི་སྐུ་ཚེའི་ཕྱེད་ཡན་ཆད་