[A:21]སྐྱོང་དགོས་པ་བྱུང་། མེ་ལོང་མར། མང་སྲོང་དང་གུང་སྲོང་གཉིས་སྔ་ཕྱི་ཟློག་སྟེ་འབྱུང་ཡང་། བུ་སྟོན་ཆོས་འབྱུང་དུ་སྔར་བཞིན་གསུངས་པས་སྐྱོན་མེད་དོ། །དེ་ནས་ཡབ་རྒྱལ་པོས་དབོན་སྲས་བློན་འབངས་དང་བཅས་པ་ལ་ལྷ་སའི་གནས་འདི་རིམ་གྱིས་[B:22]ཆུ་ཡིས་བཅད་པ་ལས་ཉ་འདྲ།
སྦལ་པ་འདྲ། ཅོང་འདྲ། པིར་འདྲ་ཉིད་དུ་འགྱུར། པིར་འདྲའི་དུས་སུ་ནང་གི་ལྷ་མཆོད་པ་དང་། ཕྱིའི་རགས་གསོ་བ་བྱས་ཤིང་། སྐྱེ་འགྲོ་ཐམས་ཅད་ཀྱིས་གདུང་ཤུགས་དྲག་པོས་ཇོ་བོ་རིན་པོ་ཆེ་ལ། སོལ་བ་བཏབ་ན་ཡུན་ཅུང་ཟད་གནས་ཞེས་པ་དང་། མྱ་ངན་ལས་འདའ་ཁར་གཙང་ཁང་བྱང་མར་བྱོན་ནས། དབོན་སྲས་ལ་རྒྱལ་སྲིད་ཆོས་ཀྱིས་སྐྱོང་དགོས་པའི་ཞལ་གདམས་དང་། ང་ནས་རྒྱལ་རབས་ལྔ་ན་རྒྱལ་པོ་ཁྲི་དང་ལྡེ་ཞེས་པ་འབྱུང་། དེས་རབ་ཏུ་བྱུང་བའི་སྡེ་མང་པོ་བཙུགས་ནས་འཚོ་བ་ཕོ་བྲང་ནས་སྦྱོར། སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱེད་ཅེས་པ་སོགས་མ་འོངས་ལུང་བསྟན་འགའ་མཛད་དེ། བརྒྱད་ཅུ་རྩ་གཉིས་པ་[B:22a]ས་ཁྱིའི་ལོ་ལ་བཙུན་མོ་གཉིས་དང་ལྷན་ཅིག་ཏུ་ཇོ་བོ་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ། མེ་ལོང་དེབ་སྡོན་དུ་ལྕགས་ཁྱི་
དཔེ་མ་དག
ལ་འདས་པར་བཤད་པ་ནི་མེ་གླང་ལ་འཁྲུངས་པ་དང་ལོ་དང་མི་འགྲིག་གོ །བློན་པོ་རྣམས་ཀྱིས་ལྷའི་ཐུགས་ཀར་ཐིམ་པ་འདི་གསང་སྟེ། འཕན་ཡུལ་ཟལ་མོ་སྒང་དུ་འདས་པ་ཡིན་ཞེས་པའི་སྒྲ་བསྒྲགས་ནས་འཕྱོངས་རྒྱས་སོ་མདར་བང་སོ་ཡ་མཚན་ཅན་རིན་ཆེན་ནོར་གྱིས་བཀང་བ་བརྩིགས་པ་སྲོང་བཙན་བང་སོ་ཞེས་དེང་སང་ཡང་མིང་དུ་ཆགས་སོ། །དེ་ནས་དབོན་སྲས་གུང་སྲོང་གུང་བཙན་དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སར་བཏོན་པ། ལྷ་སར་མེས་