R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 35
[A:35]ཡིན། །ཞེས་པ་དང་འགྲིག་ཚབས་ཆེའོ། །འོད་བསྲུངས་ཀྱི་འོག་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་ལུགས་རྣམ་པར་ཞིག་གོ །དེ་ནས་འོད་བསྲུངས་དང་། ཡུམ་བརྟན་གཉིས་སྲིད་ལ་མ་[B:35a]འཆམ་པར་སྔ་མས་གཡོ་རུ་དང་། ཕྱི་མས་དབུ་རུ་བཟུང་ནས་འཁྲུག་པ་བྱས། འོད་བསྲུངས་ལོ་དྲུག་ཅུ་བཞུགས་ཤིང་། ཉི་ཤུ་རྩ་དགུ་ལོན་དུས་རྗེ་ཁོན་གྱི་འཁྲུག་པ་བྱུང་། དེ་ནས་ལོ་བརྒྱད་ན་བང་སོ་རྣམས་བཤིག་པ་ཡིན་ཞེས་མེ་ལོང་མར་འབྱུང་། དེའི་སྲས་དཔལ་འཁོར་བཙན་ཏེ་དགུང་ལོ་སོ་གཅིག་པ་ལ་ཤར་ཁ་ཞེས་བྱ་བའི་ལུང་པར་སྙགས་ཀྱིས་བཀྲོངས། དེའི་སྲས་བཀྲ་ཤིས་རྩེག་པ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས། དང་པོའི་སྲས་དཔལ་རྗེ། འོད་རྗེ། སྐྱིད་ལྡེ་སྟེ་སྨད་ཀྱི་ལྡེ་གསུམ། དང་པོ་དཔལ་ལྡེ་ནས་བརྒྱུད་པ་ལས་སྟོད་མངའ་རིས་སྨད་རྣམས་བྱུང་སྟེ། ད་ལྟའི་རྫོང་ཁ་བདག་པོ་སོགས་སོ། །ཆུང་བ་སྐྱིད་ལྡེས་ཤངས་རྟ་ནག་གི་བདག་མཛད། སྲས་དྲུག་བྱུང་བ་ལ། མུས་དང་འཇད་དང་། ཉང་[B:36]སྟོད་ཀྱི་རྩད་པོ་རྣམས་མཆེད་དེ། འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་བའི་ཆེ་བ་ལ་གཡག་ལྡེ་དང་། ཉང་སྟོད་སྟག་ཚལ་གྱི་རྩད་པོ་རྣམས་འཆདམཆེད་དེ། སྲས་གཉིས་པ་ཁྲི་ལྡེའི་རྒྱུད་ནི་ཤར་ཙོང་ཁ་སོགས་མདོ་སྨད་དུ་འཆདམཆེད་དེ། ད་ལྟའི་ལྷ་དོན་པོ་ཆེ་ས་ཡང་ཁྲི་ལྡེའི་རྒྱུད་དུ་མེ་ལོང་མར་བཤད། སྲས་ཉག་ལྡེའི་རྒྱུད་ནི་གཡས་རུ་དང་སྐྱིན་མཁར་དུ་བྱུང་། སྲས་ཁྲི་ཆུང་གིས་ཡར་ཀླུངས་སུ་བྱོན་ནས་སྐུ་མཁར་འཆིང་པ་སྟག་རྩེ་བཟུང་། དེའི་སྲས་འོད་སྐྱིད་འབར ། དེ་ལ་སྲས་བདུན་བྱུང་བའི་ཆེ་བ་རྗེ་ཚྭ་ཁྲི་འབར་དང་། གཅུང་པོ་སྤུན་དྲུག་ལས་དང་པོ་ནས་བརྒྱུད་པ་ལ་གཡུ་ཐོག སྣ་མོ་བ། འཕྱིང་ང་བ། དོན་མཁར་བ། ཐང་འཁོར་རྩད་