R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 43
[A:43]རྒྱལ་རྒྱུད་གཅིག་གིས་ཨི་མང་བསད་ནས་རྒྱལ་ས་བཟུང་། དེའི་བུ་ཧན་མན་ཏི་རྒྱལ་པོ་ཞེས་པས་རྒྱལ་ས་བཟུང་བའི་དུས། རྒྱ་ནག་ཏུ་སངས་རྒྱས་ཀྱི་བསྟན་པ་བྱུང་སྟེ༑ བོད་དུ་བསྟན་པ་བྱུང་བ་ལས་ཆེས་སྔ་བ་ཡིན། དེ་ནས་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་པ་ཧན་སྟེ་རྒྱལ་པོའི་[B:43a]དུས་སུ་བློན་པོ་ཞིག་གིས་རྒྱལ་ས་ཕྲོགས་ནས་མི་རབས་ལྔའི་བར་དུ་བཟུང་། དེའི་ལག་ནས་ཡང་ཁོ་རང་གི་བློན་པོ་ཞིག་གིས་རྒྱལ་ས་ཕྲོགས། དེའི་རྗེས་སུ་ཧིའུ་ཙིང་གི་རྒྱུད་པ་དུང་ཙིང་དང་། བསི་ཙིང་གཉིས་བྱུང་བའི་ཕྱི་མ་འདིའི་དུས་སུ་ཙན་དན་ཇོ་བོ་ལེན་དུ་བཏང་། ལོན་དུས་བསི་ཙིང་འདས་ནས་མི་དཔོན་ཆིང་སང་བྱ་བས་ཙན་དན་ཇོ་བོ་ལེན་པ་པོའི་དམག་དཔོན་དེས། བསི་ཆོན་དང་། ཙིའུ་མཁར་ཉི་ཤུ་རྩ་བཞིའི་བདག་བྱས་ནས་རྒྱལ་སྲིད་ལོགས་སུ་བསྐྱངས། ཕྱིས་ཆིང་སང་རྒྱུད་ཀྱི་རྒྱལ་པོས་དམག་དཔོན་རྒྱལ་པོའི་རྒྱུད་པའི་ལག་ནས་ཙན་དན་ཇོ་བོ་ལོན་ཏེ་མཆོད་པར་སྣང་། མེ་ལོང་མར་ནི་ཙན་དན་ཇོ་བོ་དང་ཇོ་བོ་ཤཱཀྱ་མུ་ནེ་གཉིས་ཀ་བསི་ཙིང་གི་དུས་སུ་བྱོན་པར་བཤད་དེ་འབྲེལ་བ་མེད་དོ། །ཙན་དན་ཇོ་བོ་འདི་ད་ལྟ་རྒྱ་ནག་གི་ས་ཆ་འདིར་བཞུགས་ཀྱི་གཏམ་ནི་སུ་ལ་ཡང་ཡོད་པར་མ་ཐོས། བྱོན་[B:44]པའི་ལོ་རྒྱུས་ནི་སངས་རྒྱས་ང་མྱ་ངན་ལས་འདས་ནས་ལོ་སྟོང་ན་སྐུ་འདིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་པ་ཉིད་ཀྱིས་ཤེས། འདི་དང་ཤིང་སྟག་ལ་སངས་རྒྱས་འཁྲུངས་པ་རྒྱའི་
དུས་འཁོར་སོགས་དང་མི་འདྲ
རྩིས་ལ་ཤར་བ་གཉིས་ལ་རྩིས་གཞི་མཛད་ནས། བླ་མ་འཕགས་པས་ཕོ་བྲང་དུ་བསྟན་པའི་རྩིས་མཛད། ཕྱིས་ཆུ་མིག་ཆོས་འཁོར་དུས་རྩིས་
རྒྱལ་པོ་ལུགས་ཀྱི་བསྟན་རྩིས་ལ་གཞི་མཛད
པ་ལས་ནི་འདས་ལོ་ཉུང་