[A:44]བར་སྣང་། ཆིང་སང་གི་རྒྱུད་དེ་ཆད་ནས་གན་རྒྱལ་པོ་ཕའུ་གཉིས་ཀྱིས་རྒྱལ་ས་བཟུང་། དེའི་རྗེས་སུ་རྒྱལ་པོ་ཐང་ཞེས་པ་བྱུང་སྟེ། བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ། དེའི་སྲས་རྒྱལ་པོ་ཐང་ཀ་འོ་བཟུང་། དེའི་སྲས་རྒྱལ་པོ་ཐའི་རྫུང་རྒྱལ་པོ་སྟེ། སེང་གེ་བཙན་པོ་དང་དོན་གཅིག[B:44a] འདིས་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་སྲས་མོ་བྱིན་པ་ཡིན་ནོ། །དེ་ལ་སྲས་བདུན་བྱུང་བའི་ཆེ་བའི་རྒྱུད་པ་ཛུང་ཛུང་རྒྱལ་པོ་སྟེ། བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་དང་དུས་མཉམ་ཞིང་བསྙེན་དུ་འབྲེལ་བའང་ཡིན་ནོ། །དེའི་སྲས་ཧན་ཛུང་རྒྱལ་སར་བསྐོས་པ་སྐབས་ཤིིག་ནས་བློན་པོ་གཅིག་གིས་རྒྱལ་ས་ཕྲོགས་ཏེ། ལང་ཞེས་པའི་རྒྱལ་རྒྱུད་སོགས་རུས་མི་གཅིག་པའི་རྒྱལ་རབས་ཚན་པ་ལྔ་ལ་རྒྱལ་པོ་བཅོ་ལྔ་བྱུང་།
དེའི་རྗེས་སུ་ཅིའུ་ཐའི་ཛུང་ཞེས་པའི་རྒྱལ་པོ་བྱུང་བ་འདི་ནས་རྒྱལ་ས་ངོ་བོ་མི་ཉག་ལ་ཤོས་ཏེ། རྒྱུད་རིགས་བརྒྱད་སྤེན་ལང་གི་ས་ཆར་བྱུང་ཞིང་། ཕྱིས་སྨན་རྩེའི་ཡུལ་དུ་རྒྱལ་རབས་བརྒྱད་བྱུང་སྟེ་སྨན་རྩེ་ལྷ་བཙུན་
འདིས་ས་སྐྱར་སྤྱིལ་འཛིན་མཛད
པའི་བར་དུའོ། །མི་ཉག་ལ་ཤོར་ཚུལ་ནི་བྱང་ངོས་དང་མི་ཉག་སྒའི་བར་གྱི་རི་གཅིག་ལ་ཀླུ་བདུད་ཆེན་པོ་[B:45]སེ་ཧཱུ་ཞེས་པ་གཅིག་ཡོད་པ་དང་། བྱང་ངོས་མཁར་ནང་གི་བུད་མེད་ཤ་ཟའི་རིགས་ཤིག་ལྷན་དུ་འདུས་པ་ལས། བུ་གཅིག་སྐྱེས་པའི་ཚེ་ནམ་མཁའ་ལ་སྔོན་མེད་པའི་སྐལ་མ་རྟགས་ཅན་ཤར་བ་མཐོང་ནས་རྒྱས་རྩིས་བྱས་པས་རྒྱལ་ས་འཕྲོག་པའི་མི་གཅིག་སྐྱེས་པར་ཤེས་ནས་ཐམས་ཅད་སྐྲག་ཟེར། བུ་དེ་ནར་སོན་པའི་ཚེ་རྒན་མོ་མི་མ་ཡིན་ཞིག་གི་ངག་བཞིན་རྟ་པ་མང་པོ་ཁྲིད་ནས་ཕོ་བྲང་དུ་འཕགས་པས་རྒྱལ་པོ་བློན་པོ་དང་བཅས་པ་ཁ་ཡར་དམ་ཁ་སྐྱེལ་དུ་བྱུང་བ་