R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 5
[A:5]ཅན། དེའི་བུ་གཽ་ཏ་མ་དང་། བ་ར་དྷྭ་ཛཱ། དང་པོའི་བུ་བུ་རམ་ཤིང་པ། དེ་ནས་རྒྱལ་རབས་བརྒྱ་ཐམ་པའི་ཐ་མ་འཕགས་སྐྱེས་པོ། དེ་ནས་རྒྱལ་རབས་ལྔ་བཅུ་ཙམ་ན་རྒྱལ་པོ་ཤིང་རྟ་བཅུ་པ། དེ་ལ་བུ་ཤཱཀྱ་ཆེན་པོ། ཤཱཀྱ་ལི་ཙ་བྱི། ཤཱཀྱ་རི་བྲག་པ་སྟེ་གསུམ་བྱུང་། དང་པོ་ནས་བརྒྱུད་པ་ལ་བཅོམ་ལྡན་འདས་དང་སྒྲ་གཅན་འཛིན་གཉིས། རི་བྲག་པ་ནས་བརྒྱུད་པ་ལ་བོད་ཀྱི་རྒྱལ་པོ་རྣམས་བྱུང་ཞེས་བཤད། ཅུང་ཟང་དཔྱད་ན། འཁོར་བསྒྱུར་ཐ་མ་ནས་[B:5a]ཟས་གཙང་ཡན་གྱི་རྒྱལ་པོའི་གྲངས་མཛད་པ་ཧ་ཅང་ཉུངས་པའི་སྐྱོན་དང་བཅས་པར་མངོན་ཏེ། ཕལ་ཆེར་ལུང་གཞན་དང་མི་མཐུན་ཞིང་། ཆོས་འབྱུང་རང་དུ་མང་པོས་བཀུར་བ་ནས་སྒྲ་གཅན་འཛིན་གྱི་བར་ལ་གདུང་རབས་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་བ་འདུལ་བའི་ལུགས་སུ་གསུངས་པ་དང་མ་འགྲིག་པའོ། །ཇི་སྐད་སྨྲས་པ་དེ་ཙམ་དུ་ཟད་ཀྱི། གཞན་རྒྱལ་པོ་གསལ་རྒྱལ། གཟུགས་ཅན་སྙིང་པོ། ཤར་པ། གཏུམ་པོ་རབ་སྣང་སྟེ་བཅོམ་ལྡན་འདས་དང་ཉིན་གཅིག་ལ་འཁྲུངས་པའི་རྒྱལ་པོ་བཞིའི་གདུང་རབས་དང་། ཁ་ཆེ་དང་བལ་པོའི་རྒྱལ་པོ་རིམ་པར་བརྒྱུད་པའི་གཏམ་སུ་ལ་ཡང་ཡོད་པར་མི་སྣང་ལ། དེ་བཞིན་དུ་སངས་རྒྱས་ཀྱི་ལུང་བསྟན་པའི་ཆོས་རྒྱལ་མྱ་ངན་མེད་ཡབ་སྲས་ནས་བརྒྱུད་[B:6]པའི་གདུང་རབས་འདི་བྱོན་གྱི་ཡི་གེའང་མ་མཐོང་། སྐབས་ཤིག་ཏུ་བྲན་མོ་ཞིག་ལ་ཤིང་གི་ལྷ་ཞིག་གི་བུ་བྱུང་བ་ཕས་ནོར་བུ་བྱིན་པས་ས་ལ་དབང་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་གོ་པ་ལ་ཞེས་གྲགས་སོ། །འདིས་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས། དེའི་བཙུན་མོ་ལ་ཀླུའི་རྒྱལ་པོ་ཞིག་གི་བུ་བྱུང་བ་ལ། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་དུ་གྲགས་ཏེ། འདིས་ཨོ་ཏན་ཏ་པུ་རིའི་གཙུག་