[A:67]ལྔ་པ་ཡིན། དེ་ཡང་འགྲོ་བའི་མགོན་པོ་གཤེགས་པའི་ལྕགས་སྟག་ནས་ལོ་བདུན་གྱི་བར་གདན་ས་བ་མེད། དེ་རྗེས་འབྲི་གུང་ཆོས་རྗེ་གདན་སར་ལོ་གསུམ་བཞུགས་པའང་འཕྲིན་ལས་བཞེད་པ་གཞན་མ་བྱུང་། དེ་རྟིང་ས་ཕག་ནས་མེ་ཡོས་ཀྱི་བར་ལོ་སུམ་ཅུའི་རིང་གདན་ས་སྟོངས་པ་སོགས་ཤིན་ཏུ་ཉམས་པར་གྱུར་པ་སྤྱན་སྔ་རིན་པོ་ཆེ་འདི་པའི་བཀའ་དྲིན་ལས་ཇེ་[B:68a]རྒྱས་སུ་སོང་སྟེ། གདན་ས་བརྒྱ་འགྱུར་སྟོང་འགྱུར་ལ་བཏང་ཞེས་པའི་སྙན་པ་བྱུང་།
ལོ་ཉི་ཤུ་རྩ་དྲུག་ཕག་མོ་གྲུ་པ་ཉིད་དུ་བཞུགས་ནས། དགུང་ལོ་རེ་གཅིག་པ་ཤིང་ལུག་ལ་འབྲི་གུང་གི་གདན་སར་བྱོན། དེ་ནས་བཟུང་སྟེ་འབྲི་གདན་གཉིས་ལ་གདན་ས་ཕན་ཚུན་ཞེས་པའི་མིང་དུ་ཆགས། དབོན་མགོན་པོ་རྒྱལ་ལ་སྲས་ཁྲོ་བོ་འཕན་ཞེས་པ་འཁྲུངས། ཡོན་ཆེན་སངས་རྒྱས་སྐྱབས་ལ་སྲས་རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་དང་། བཅུ་གཉིས་རིན་ཆེན་རྡོ རྗེ་གཉིས་འཁྲུངས་པ་རིམ་པས་གདན་སར་བྱོན། རྒྱལ་བ་རིན་པོ་ཆེས་གདན་ས་ལ་ལོ་སུམ་ཅུ་རྩ་གསུམ་བཞུགས་པའི་རིང་ལ། རྒྱ་གར་གྱི་གྲོང་ཁྱེར་ཏི་ར་ཧུ་ཏིའི་རྒྱལ་པོ། སིངྒ་གླིང་གི་རྒྱལ་པོ། ཡ་ཚེ་རྒྱལ
པོ། སྟོད་ཧོར་གྱི་རྒྱལ་པོ། ཧུ་ལ་རྣམས་ཀྱིས་རིན་པོ་ཆེ་ལས་གྲུབ་པའི་རྟེན་གསུམ་མཆོད་རྫས།[B:69] ནོར་བུ་སོག་པོ་སྤྲད་འགྱེལ་དུ་གྲགས་པ། གཞན་ཡང་ནོར་སྣ་བསམ་གྱིས་མི་ཁྱབ་པའི་འབུལ་བ་བྱུང་སྟེ་བོད་ཀྱི་སྡེ་དགོན་ཞིག་ལ་གདན་ས་ཐེལ་ནོར་རྔམས་ཆེ་ཞེས་པའང་འདི་ནས་ཡིན། བཅུ་གཉིས་རིན་རྡོར་བ་གདན་སར་ལོ་བཅུ་གཉིས་བཞུགས་པའི་རིང་ཉེ་གནས་ལ་ཁྲི་དཔོན་གྱི་འཇའ་ས་བྱུང་བ་ཡིན་འདུག རྒྱལ་བའི་ཕྱི་རྟེན་དུ་རིན་པོ་ཆེ་ལས་གྲུབ་པའི་སྒོ་མངས་ཡ་མཚན་ཅན་བཞེངས་པས་སྤྱན་སྔ་སྒོ་མངས་པ་ཞེས་ཟེར།