R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 68
[A:68]རེ་གསུམ་བཞེས་པ་ལྕགས་འབྲུག་ལ་གཤེགས། འགྲོ་མགོན་འཕགས་པ་དང་གཤེགས་ལོ་གཅིག འབྲི་གུང་དུ་ཆོས་རྗེ་གཅུང་གཤེགས་པའི་ཕྱི་ལོ་ཡིན། ཁྲོ་བོ་འཕན་ལ་སྲས་སྤྱན་སྔ་གྲགས་པ་ཡེ་ཤེས་དང་། གཉིས་མཆོད་པ་གྲགས་པ་རིན་ཆེན་པ་དང་། དཔོན་[B:69a]རིན་ཆེན་སྐྱབས་དང་གསུམ་སྟེ། འདི་ནས་དབུས་སུ་ལྷ་གཟིགས་ཀྱི་གདུང་རྒྱུད་སྤེལ་བའི་སྲོལ་དོད་པ་ཡིན་འདུག གྲགས་པ་ཡེ་ཤེས་པ་ལྕགས་མོ་སྦྲུལ་ལ་གདན་སར་བྱོན། དཔོན་ངྷརྨ་པཱ་ལ་ས་སྐྱའི་གདན་སར་བཏོན་པ་དང་ལོ་གཅིག ཧོར་དམག་བོད་དུ་ཤོར་ཏེ་དཔོན་ཆེན་ཀུན་དགའ་བཟང་པོ་བསད་པའང་ལོ་འདི་ཡིན། གདན་སར་ལོ་བརྒྱད་བཞུགས་པའི་རིང་ཉེ་གནས་ཀྱིས་ཁྲི་དཔོན་གྱི་ལས་ཀ་བཟུང་། ཞེ་དགུ་བཞེས་པ་ས་བྱི་ལོར་གཤེགས། གཉིས་མཆོད་པ་ས་གླང་ལ་གདན་སར་བྱོན། དེའི་ཕྱི་ལོ་ལྕགས་སྟག་ལ་ས་སྐྱ་པས་འབྲི་གུང་བཅོམ། ཏི་ཤྲི་གྲགས་འོད་དང་ཧོར་གྱི་རྒྱལ་བུས་སྟག་མགོ་གནང་ནས་བླ་དཔོན་སྦྲགས། འདིའི་རིང་ཡ་ཚེ་རྒྱལ་པོས་གསེར་ཐོག་ཕུལ་བས་སྤྱན་སྔ་གསེར་ཐོག་པར་གྲགས། གདན་[B:70]སར་ལོ་ཉི་ཤུ་རྩ་གཉིས་བཞུགས་པའི་བཅོ་བརྒྱད་པ་དེ། བདག་ཉིད་ཆེན་པོ་ས་སྐྱའི་གདན་སར་བྱོན་
སེ་ཆེན་གཤེགས་རྗེས
པའི་མེ་རྟ་ལོ་དེ་ཡིན། དཔོན་རིན་ཆེན་སྐྱབས་ལ་སྲས་སློབ་དཔོན་རྒྱལ་མཚན་དཔལ། ཚེས་བཞི་རྙིང་མ་བ་གྲགས་པ་རྒྱལ་མཚན། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། བཅུ་གཉིས་གསར་མ་བ་གྲགས་པ་ཤེས་རབ། དྲུང་བསོད་ནམས་བཟང་པོ་བ་དང་ལྔ་འཁྲུངས། དང་པོ་ནས་མཆེད་པ་དེར་རྒྱལ་བའི་གདུང་རྒྱུད་ཅེས་ཟེར། ཚེས་བཞི་རྙིང་མ་བ་ཕག་མོ་གྲུབ་པའི་གདན་སར་བྱོན། ལོ་ལྔ་བཅུ་རྩ་གཅིག་མཛད།