R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 6
[A:6]ལག་ཁང་དང་། བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས། དེ་ལ་སྲས་རྒྱལ་པོ་དང་པཎྜི་ཏ་དང་གྲུབ་ཐོབ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་སྟེ་བཞི་བྱུང་བའི་ཕྱི་མ་ལ་བུ་དཱེ་ཝ་པཱ་ལ། དེའི་སྲས་རྒྱལ་པོ་ས་སྐྱོང་། འདིས་སློབ་དཔོན་སེང་གེ་བཟང་པོས་ཤེར་ཕྱོགས་ཀྱི་འགྲེལ་པ་རྣམས་བརྩམས་པའི་སྦྱིན་བདག་མཛད་པར་[B:6a]གྲགས་ནའང་བརྒྱད་སྟོང་འགྲེལ་ཆེན་རང་དུ་ནི་དཔལ་ལྡན་ཆོས་སྐྱོང་གིས་མཛད་པར་བཤད་དོ།།
ཤམ་བྷ་ལའི་རྒྱལ་རབས་བཤད་པ་ནི། དུས་འཁོར་རྩ་རྒྱུད་ལས། ཟླ་བ་ལྷ་དབང་གཟི་བརྗིད་ཅན། ། ཟླ་བས་བྱིན་དང་ལྷ་དབང་ཕྱུག ། སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། ། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། ། དེ་ནས་རིགས་ལྡན་པདྨ་དཀར། ། བཟང་པོ་རིགས་ལྡན་གསུམ་པ་སྟེ། ། དེ་བཞིན་བཞི་པ་རྣམ་རྒྱལ་ལོ། ། བཤེས་གཉེན་བཟང་པོ་ཕྱག་དམར་དང་། ། བདུན་པ་ཁྱབ་འཇུག་སྦས་པའོ། ། ཉི་མ་གྲགས་དང་ཤིན་ཏུ་བཟང་། ། རྒྱ་མཚོ་རྣམ་རྒྱལ་རྒྱལ་ཀ་དང་། ། རིགས་ལྡན་ཉི་མ་བཅུ་གཉིས་པ། །