R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༨བ
[A:༦༨བ]ཡང་དུ་རྣམ་སྨིན་འགྱུར། །ཞེས་མ་བྱས་པའི་དགེ་སྡིག་མཚན་ཉིད་པ་ཡོད་པ་བཀག་པར་ཤེས་པར་བྱའོ། །བློ་གྲོས་ལྡན་པའི་བློ་གྲོས་ཀྱིས། ཚུལ་བཞིན་དྲིས་པའི་དྲི་བ་ཀུན། །ཀུན་དགའི་མིང་གིས་ཀུན་མཁྱེན་ལྟར། །ལེགས་པར་ཕྱེ་ལ་ལེགས་པར་གཟིགས། །མདོ་སྨད་ཀྱི་སྟོན་པ་བློ་གྲོས་རབ་གསལ་གྱི་དྲིས་ལན་བི་ཇི་རིན་ཆེན་གྲགས་ཀྱིས་གླིང་ཁར་བྲིས་པའོ་ཞེས་པའོ། །ཡང་མདོ་སྨད་ཀྱི་ལམ་དུ་རྣལ་འབྱོར་པ་ཕྲུ་མ་པ་ཞེས་པའི་དྲིས་ལན་གསུངས་པ་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་ཆག་ཕེབས་པའི་མདོ་སྨད་ཀྱི་ལམ་ཁར་ཆིབས་གོང་དུ་བྱོན་ནས་ལམ་ལ་གཤེགས་པའི་ཚེ། རྣལ་འབྱོར་པ་ཕྲུ་མ་པ་ཞེས་བྱ་བའི་སྒོམ་ཆེན་པ་བཟང་པོ་ཅིག་གིས་ཆོས་རྗེ་པ་ལ་གོས་ཕྱི་ནང་གཅིག་ཕུལ་ནས། ཆོས་རྗེ་པ་ཁྱེད་ཀྱི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་ལས། བླུན་པོས་ཕྱག་རྒྱ་ཆེ་བསྒོམས་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཡང་ན་ཉན་ཐོས་འགོག་པར་ལྷུང་། །གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང་། །དབུ་མའི་བསྒོམ་ལས་འདའ་བ་མེད། །དབུ་མའི་བསྒོམ་དེ་བཟང་མོད་ཀྱི། །འོན་ཀྱང་འགྲུབ་པ་ཤིན་ཏུ་དཀའ། །ཞེས་གསུངས་པའི་དོན་ཅི་ལགས་ཞུ་ཡིན་འདུག་པ་ལ། ཆོས་རྗེ་པའི་ཞལ་ནས་འདི་སྐད་གསུངས་པར་གདའོ། །
བཙན་ཐབས་སུ་ཅི་ཡང་ཡིད་ལ་མི་སེམས་པར་སེམས་ལྟེང་རྒྱུན་དུ་གནས་ཤིང་གཉིད་རྨུགས་འདྲེན་པའོ།
རྣམ་རྟོག་ཁ་ཚོམ་ཞི་གནས་དང་། །སྟོང་པ་
རྒྱལ་པོ་ཨིནྡྲ་བྷཱུ་ཏིས། རྨོངས་པའི་བསྒོམ་པ་གང་ཡིན་པ། །རྨོངས་པས་རྨོངས་པ་ཐོབ་པར་འགྱུར། ཅེས་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་བལྟ་ཉེས་ན། །