R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༦༩ན
[A:༦༩ན]ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །མ་དཔྱད་པར་སྣང་ཞེན་གྱི་ཆོས། །ཅི་ཡང་མེད་པར་འཛིན་པ་དང་། །མཐོང་ཡུལ་འགག་པའི་སྟོང་ཉམས་ཤར་བའོ། །ཞེས་གསུངས་སོ།
ཐལ་བྱུང་ལྷག་མཐོང་གཉིས། །ངན་འགྲོར་ལྟུང་བའི་རྒྱུ་ཆེན་ཏེ། །ལེགས་འདོད་རྣམས་ཀྱིས་སྤངས་ན་ལེགས། །སེམས་རྒྱུ་མི་གསལ་ཞི་གནས་དང་།
སེམས་ཀྱི་རྒྱུ་བ་མི་གསལ་བར་ལྷག་མཐོང་ཤས་ཆེ་བའི་སྟོབས་ཀྱིས་ངང་གིས་དམིགས་པ་ལ་གནས་པའོ། །འདིའི་དོན་མངོན་པ་ལ་སོགས་པར་གསལ་མ་དཔྱད་པར་ཆོས་ཐམས་ཅད་ནམ་མཁའ་དང་སེམས་ཅི་ཡང་མེད་པ་དང་ཡོད་མིན་མེད་མིན་ངོ་འཕྲོད་ནས་ཉམས་ཤར་བའོ།
།གཟུགས་སྣང་བཀག་པའི་ལྷག་མཐོང་གཉིས། །གཟུགས་མེད་སྐྱེ་བའི་རྒྱུ་ཆེན་ཏེ། །ཐར་འདོད་
གཟུགས་མེད་དུ་སྐྱེ་བའི་མི་གཡོ་བའི་ལས་བསོག་པའོ།
རྣམས་ཀྱིས་སྤངས་ན་ལེགས།
ཏིང་ངེ་འཛིན་བསྒོམ་པའི་ཚེ་ཅི་ཡང་མི་དྲན་པར་ཡུན་རིང་དུ་གནས་པའོ།
།དྲན་ཚོར་མེད་པའི་ཞི་གནས་དང་།
མིག་ལ་སོགས་པའི་རྣམ་ཤེས་ཚོགས་དྲུག་རྒྱུ་བ་མི་གསལ་བའོ།
།ཚོགས་དྲུག་བཀག་པའི་ལྷག་མཐོང་གཉིས། །ཉན་ཐོས་འགོག་པ་ཆ་མཐུན་ཏེ།
འགོག་པའི་སྙོམས་འཇུག་དང་འདྲ་བའི་ཉམས་སྐྱེས་པའོ།
།མཆོག་འདོད་རྣམས་ཀྱིས་སྤངས་ན་ལེགས། །ཤིན་སྦྱངས་བདེ་ལྡན་ཞི་གནས་དང་།
མདོ་སྡེ་རྒྱན་ལས། དེས་ན་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེས་གང་ནས། །ཡིད་ལ་བྱེད་པ་ཅན་ཞེས་བྱ། །ཞེས་གསུངས་སོ།
སྤྲོས་ཀུན་ཉེར་ཞིའི་ལྷག་མཐོང་གཉིས།
ཨཱརྻ་དེ་ཝའི་ཞལ་སྔ་ནས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་གྲོལ་དོན་གྱི་མཆོག །དེ་ནི་དབུ་མ་པ་ཡི་ལུགས། །ཞེས་གསུངས་སོ།
།ཕར་ཕྱིན་ཐེག་པའི་ལམ་ཆེན་ཏེ། །རྒྱལ་སྲས་རྣམས་ཀྱིས་བསྒྲུབས་ན་ལེགས། །མཚན་རྟོག་
སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཐ་མལ་ཀུན་རྟོག་རྒྱུ་ནི་མ་གཏོགས་