[A:༧༩བ]ཀྱང་གྲོས་བྱེད། དེ་ནས་རང་ཡུལ་འོངས་ནས་རང་གཞན་ཐམས་ཅད་ལ་ཕན་པར་འོང་། སྤྱིར་ངས་ཀྱང་ན་ནིང་ནས་མི་བཏང་ནས་འདི་ལྟར་བྱས་ན་ལེགས་བྱས་ནས་གྲོས་བསྟན་པ། ཁྱེད་རང་རྣམས་ཀྱིས་ཀྱང་དེ་བཞིན་བྱེད་པའི་རིགས་སུ་མེད་པ་འདུག བརླག་པའི་རྗེས་ལ་ཁྱེད་ཐ་དད་ཚོ་ཅི་ཟེར་ཉན་པ་ཅིག་འདོད་པ་ཡིན་ནམ། ཅི་ཟེར་བ་ཡིན་ཡང་མ་གོ །ཕྱིས་ས་སྐྱ་པ་ཧོར་གསེབ་ཏུ་སོང་བ་ཡིན་ཏེ་ངེད་ལ་མ་ཕན་ཟེར་བ་དེ་མི་གསུང་བར་ཞུ། ངས་བདག་པས་གཞན་གཅེས་པའི་བསམ་པ་བྱས་ནས། བོད་སྐད་སྨྲ་བ་ཐམས་ཅད་ལ་ཕན་པའི་ཕྱིར་དུ་ཧོར་གསེབ་ཏུ་འོང་བ་ཡིན་ཏེ། ང་ཅི་ཟེར་ལ་ཉན་ན་ཕན་པར་འདུག ཁྱེད་རྣམས་ཀྱིས་འདིའི་སྣང་ཚུལ་མ་མཐོང་། ཐོས་པ་རྣམས་ལ་ཡིད་ཆེས་པ་ཤིན་ཏུ་དཀའ། དེའི་སྟོབས་ཀྱིས་ད་དུང་བཏུབ་པར་འོང་སྙམ་སྟེ། བདེ་བའི་འཕྲོ་ལ་གློ་བུར་དུ་འདྲེས་མནན་པ་ལྟ་བུའི་འཐིབ་གནོན་ཅིག་བྱུང་ནས་དབུས་གཙང་གི་བུ་ཚ་དང་མི་ལ་སོགས་པ་ཧོར་གསེབ་ཏུ་སོང་གིས་དོགས། ངེད་ནི་ལེགས་ཉེས་ཅི་བྱུང་ཡང་ང་ལ་འགྱོད་པ་མེད། བླ་མ་དཀོན་མཆོག་གི་བྱིན་རླབས་དང་བཀའ་དྲིན་གྱིས་ད་དུང་ལེགས་པོ་འོང་བའང་སྲིད། ཁྱེད་རང་རྣམས་ཀྱང་དཀོན་མཆོག་ལ་གསོལ་བ་ཐོབ། རྒྱལ་པོས་ངེད་ལ་སུ་དང་ཡང་མི་འདྲ་བའི་ཐུགས་ལ་བཏགས། དེའི་སྟོབས་ཀྱིས་རྒྱ་བོད། ཡུ་གུར། མི་ཉག་ལ་སོགས་པའི་དགེ་བཤེས་མི་ཆེན། ཡུལ་མི་གཅིག་པ་ཐམས་ཅད་ཀྱིས་ངོ་མཚར་ཆེ་སྙམ་ནས་ཆོས་ཉན་པ་དང་གུས་པ་ཆེ་བ་འདུག ངེད་འདིར་འོང་བ་རྣམས་ལ་ཧོར་གྱིས་ཅི་འདྲ་བྱེད་སྙམ་པའི་དོགས་པ་མི་དགོས། ཐམས་ཅད་ཀྱི་ཐུགས་ལ་བཏགས་ནས་བཟང་པོར་ཡོད་