[A:༩༩བ]ལིང་ཆུ་རྩེར་ཁབ་ཀྱི་གཙུག་ལག་ཁང་དུ་བྲིས་པ་བདེ་ལེགས་སུ་གྱུར་ཅིག་
ཅེས་པའི་ཞུ་ཡིག་དང་བཅས་པའི་ཕོ་ཉ་མངགས་ཏེ་
ཆོས་རྗེ་གྲགས་པ་སེང་གེ་བ་སྤྱན་དྲངས་ཏེ། མཁན་པོ་ཆོས་ཀྱི་རྗེ་ཉིད་དང་། སློབ་དཔོན་ཇོ་གདན་བྱང་པ་བསོད་ནམས་རྒྱལ་མཚན། གསང་སྟེ་བ་ཡར་ལུང་པ་བྱང་ཆུབ་རྒྱལ་མཚན། དད་དགེ་ཆོས་རྗེ་དབུ་རྒན། མང་ར་བ་མཁན་པོ་སྤྲོ་དང་། གནམ་ཕར་བ་ཚུལ་རིན་ལ་སོགས་པ་ཉི་ཤུའི་དབུས་སུ་བསྙེན་པར་རྫོགས་ནས། མཁན་པོ་ལ་ཕར་ཕྱིན་ཚིག་གསལ་སོགས་དང་། སློབ་དཔོན་ལས་སོ་ཐར་མདོ་རྩ་སོགས་དང་། གསང་སྟོན་ལས་སྡེ་བདུན་ལ་སོགས་པ་མང་དུ་གསན་ཏེ་དཔྱིས་ཕྱིན་པར་མཛད།
ཉེར་གསུམ་ལ་ལྡོང་གིས་གདན་དྲངས་ནས་རྩེ་ལྔར་བྱོན་ཏེ། གཤིན་རྗེ་གཤེད་བརྡ་བཞི། མཧཱ་མཱ་ཡཱ། རྡོར་དབྱིངས། དུས་འཁོར་སོགས་རྒྱུད་འགྲེལ་པ་ཆ་ལག་དང་བཅས་པ་གསན། གཞན་ཡང་རིགས་ཚོགས། བསྟོད་ཚོགས་མངོན་པ་སོགས་མང་དུ་གསན་ནོ། །ལོ་དེ་ཉིད་ཀྱི་ཟླ་བ་བཞི་པའི་ཚེས་བཅུ་གསུམ་གྱི་མཚན་མོ་ཆོས་རྗེ་གསལ་བར་བྱོན་ནས། ཁྱོད་འདི་ནས་བཟུང་སྟེ་ལོ་འབུམ་ཕྲག་གཅིག་དང་སྟོང་འདས་པའི་རྗེས་སུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཅེས་ལུང་བསྟན་ཞིང་དབུགས་ཕྱུང་བའི་རྗེས་སུ། སྲིད་པར་སྡུག་བསྔལ་དུ་མ་ཡིས། །ཡུན་རིང་དུས་སུ་དུབ་པ་དག །ལེགས་པར་གསུངས་པའི་དབུགས་འབྱིན་པ། །ཐུགས་རྗེའི་དབང་ཕྱུག་མཁྱེན་པའི་གཙོ། །ཆོས་ཀྱི་རྗེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་མཛད་ཅེས་གསུངས་ཤིང་། ཐོས་པ་རྒྱ་མཚོ་མ་ཡང་དེ་དུས་མཛད་པར་གྲགས་ལ། དེ་ནས་ཧོར་ལ་ཡི་གེ་མེད་པ་ལ་