R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༣བ
[A:༡༩༣བ]མཚན་ཉིད་ཀྱི་རྣམ་པར་ཐར་པ་རགས་པ་ཙམ་ཞིག རྗེ་དེ་ཉིད་ཀྱི་སློབ་བརྒྱུད་འཛིན་ཅིང་སྙན་བརྒྱུད་གདམས་པའི་མངའ་བདག་ཚར་པ་ཆོས་རྗེ་བློ་གསལ་རྒྱ་མཚོ་ཞེས་བྱ་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་དེས་མཛད་པའི་རྣམ་ཐར་ལས་ལོགས་སུ་བླངས་ནས་བྲིས་པ་ཡིན་ལ། རྒྱས་པ་ནི་རྣམ་ཐར་དེ་ཉིད་དང་། གཞན་ཡང་བདག་ཆེན་ཉིད་ཀྱི་དངོས་སློབ་དུ་མས་རྣམ་པར་ཐར་པ་མང་པོ་ཞིག་འབྱུང་བས་དེ་དག་ཏུ་བལྟས་ལ་ཁོང་དུ་ཆུད་པར་བྱའོ། གྲགས་པ་རྒྱལ་མཚན། །ཡང་བླ་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྲས། མཐུ་སྟོབས་དབང་ཕྱུག་བསོད་ནམས་རྒྱལ་མཚན་ཞེས་བྱ་བས་ཡུལ་ལྡན་མ། མིང་མ་གཅིག་ཀུན་དགའ་འབུམ་བྱ་བ་ཁབ་ཏུ་བཞེས་པ་ལ། སྲས་སློབ་དཔོན་ཆེན་པོ་གྲགས་པ་རྒྱལ་མཚན་ཞེས་བྱ་བ་ཆུ་མོ་གླང་ལ་འཁྲུངས་ཤིང་། འདིས་ཀྱང་ཁམས་ཕྱོགས་སུ་ཕེབས་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོ་བསྒྲུབས་ནས། དགུང་ལོ་ཞེ་གཉིས་པ་ཤིང་ཕོ་རྟའི་ལོ་ལ་སྐུ་གཤེགས་སོ། །དེ་རྣམས་ཀྱིས་ལྷ་རིགས་འཁོན་ས་སྐྱ་པ་སྟེ་མཚན་མཆོག་གསུམ་དང་ལྡན་པའི་གདུང་རབས་བྱོན་ཚུལ་ལས། གདན་ས་ཆེན་པོའི་བླ་བྲང་སོ་སོར་དབང་བསྒྱུར་བའི་གདུང་རབས་ཀྱི་ནང་ནས། རིན་ཆེན་སྒང་བླ་བྲང་བའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ལེགས་པར་བསྟན་ཟིན་ཏོ།། །། འདིར་སྨྲས་པ། རིན་ཆེན་གཏེར་གྱིས་བལྟམས་པའི་ས་འཛིན་རྩེར། །རིན་ཆེན་ཁང་བརྩེགས་རྨད་བྱུང་ཉམས་དགའ་བར། །རིན་ཆེན་འཕྲེང་པ་བཞིན་དུ་ལེགས་བྱོན་པའི། །རིན་ཆེན་སྒང་པའི་གདུང་རབས་བསྔགས་པར་འོས། །ཁྱད་པར་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི། །རྣམ་འཕྲུལ་འགྲོ་མགོན་བསོད་ནམས་རྒྱལ་མཚན་ཞེས། །སྙིགས་དུས་ཐུབ་པའི་