R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༢བ
[A:༢༡༢བ]བཞི་འཁྲུངས། དེའི་ནང་ནས་ཤཱཀྱ་སེངྒེ་ཞེས་གྲགས་པ་དེས་བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་དང་པོ་གཅུང་པ་དཔོན་མོ་ཞེས་བྱ་བ་ལ་སྲས་མཁས་བཙུན་ཆེན་པོ་ཀུན་དགའ་བཀྲ་ཤིས་པ་དང་། ཀུན་དགའ་རྒྱལ་མཚན་པ། གཅུང་ཀུན་དགའ་སྙིང་པོ་སྟེ་སྐུ་མཆེད་གསུམ་འཁྲུངས། བཙུན་མོ་གཉིས་པ་མ་གཅིག་ཡུམ་པ་ཞེས་བྱ་བ་ལ་སྲས་བདག་ཆེན་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་སྟེ་གདུང་སྲས་བཞི་ཙམ་བྱོན་པའི་ནང་ནས་གཅེན་མཁས་བཙུན་ཆེན་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་འདི་ནི་གཞོན་ནུ་ཉིད་ནས་དམ་པའི་སྤྱོད་པ་དང་ལྡན་ཞིང་། ཡབ་ཆོས་རྣམས་ལ་གསན་པ་རྒྱ་ཆེན་པོ་མཛད་ཅིང་། ཁྱད་པར་རྗེ་བཙུན་སངས་རྒྱས་རིན་ཆེན་དང་། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ་ཆེན་པོ་ལ་སོགས་པ་མཁས་པ་མང་པོ་བསྟེན་ནས་དམ་པའི་ཆོས་སྤྱི་དང་བྱེ་བྲག་མ་ལུས་པ་ལ་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་དང་། ལྷག་པར་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་ལུགས་གཉིས་ཀྱི་སྒོ་ནས་ཞབས་ཏོག་དབུ་འདོན་སོགས་བླ་ན་མེད་པ་མཛད་ཅིང་། རྗེ་སངས་རིན་པ་ཉིད་དག་པའི་ཞིང་དུ་གཤེགས་ནས་གླིང་དགའ་བདེ་བ་ཅན་གྱི་གདན་ས་ཡང་མཛད་དེ། རྗེ་འདིས་གླིང་དགའ་བདེ་བ་ཅན་གྱི་གནས་མཆོག་དེར་གཞི་ཕབ་ནས་སྐལ་ལྡན་གྱི་སློབ་མ་བརྒྱ་ཕྲག་མང་པོ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོས་ཐོག་དྲངས་ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་སྩལ། དེའི་སྐབས་ཤིག་ནས་རྗེ་འདིས་བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ནས་ཧོར་ཡུལ་དུ་ཕེབས་པས། ལམ་བར་དུ་མི་གྲིབ་ཅན་འགའ་ཞིག་གི་དབང་གིས་སྐུ་