[A:༢༩༤བ]གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་ཆ་ལགས་ཡོངས་རྫོགས་རྒྱབ་ཆོས་ཀྱི་ལུང་དང་བཅས་པ་དང་། གཞན་ཡང་ཚེ་དཔག་མེད་དཀར་པོ། མི་གཡོ་བ་དཀར་སྔོན་གཉིས། སྒྲོལ་དཀར། རྣམ་རྒྱལ་འཇོམས་གཉིས། ཕྱག་རྡོར་ཨུ་ཙ། རི་ཁྲོད་མ། ཛཾ་སེར་ནག་གཉིས། རྣམ་སྲས་རྟ་བདག་བརྒྱད། དམར་པོ་སྐོར་གསུམ། སེང་གེ་སྒྲ། སོར་ཕྲེང་རྣམས་ཀྱི་རྗེས་གནང་སོགས་རྗེས་གནང་ཟུར་བཀའ་དུ་མ་དང་སོ་སོའི་ཡིག་ཆ་གསར་རྙིང་གི་ལུང་དང་བཅས་པ་རྣམས་གསན། ཡང་ཆོས་ཀྱི་རྗེ་ནམ་མཁའ་དཔལ་བཟང་པོའི་དྲུང་དུ་རྡོ་རྗེ་ཕྲེང་བའི་དབང་། སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་། གཤེད་དམར་ལྷ་ལྔའི་དབང་། མགོན་པོ་ལྷ་བཅུ་གཉིས་ཀྱི་དབང་། ཀྱེ་རྡོར་བཀའ་བབས་བཞིའི་དབང་སོགས་སྨིན་བྱེད་དབང་གི་རྣམ་གྲངས་བཅུ་ཕྲག་གཉིས་ལྷག་པ་དང་། རྗེས་གནང་གི་བཀའ་སྲོལ་ཆེན་པོ་གཉིས་སུ་གྲགས་པ་སྒྲུབ་ཐབས་བརྒྱ་རྩ་དང་། རྒྱ་མཚོ་གཉིས་ཀྱི་རྗེས་གནང་ཡོངས་སུ་རྫོགས་པ་དང་། གཞན་ཡང་ཤེར་ཕྱིན་དཀར་མོའི་རྗེས་གནང་སོགས་ཟུར་བཀའ་བཅུ་ཕྲག་གཉིས་སུ་བདུན་གྱིས་ལྷག་པ་དང་། མགོན་པོད་གསེར་པོད་དུ་གྲགས་པའི་ལུང་། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་པོ་ཏི་ཕྱི་མ་གཉིས་དང་། རྗེ་ཐར་རྩེ་བ་རང་གི་གསུང་རྩོམ་འགའ་ཞིག་སོགས་ལུང་གི་རིགས་དུ་མ་ཞིག་དང་། གཞན་ཡང་ཁྲིད་དང་བྱིན་རླབས་སོགས་བསམ་གྱིས་མི་ཁྱབ་པ་ཞིག་གསན་ཅིང་། གཞན་ཡང་གཅེན་འཇམ་པའི་དབྱངས་བསོད་ནམས་དབང་པོའི་དྲུང་དུ་ཡང་གསུང་ངག་རིན་པོ་ཆེ་དང་། དབང་ལུང་རྗེས་གནང་གི་སྐོར་སོགས་