R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༥ན
[A:༤༥ན]ལ། རྗེ་བཙུན་གྱིས་ང་ལ་མཁའ་སྤྱོད་ཀྱིས་ཅི་བྱ། སངས་རྒྱས་ཀྱང་སེམས་ཅན་གྱི་དོན་ལས་མེད་པས་མི་འགྲོ་གསུངས། མདུན་ན་རྡོ་དཀར་འཇམ་ཅིག་འདུག་པས་དྲུང་ན་འཁོད་ནས་འདིའི་སྟེང་དུ་ཞབས་བཞག་ན་མཁའ་སྤྱོད་དུ་འགྲོ་ཟེར། དེར་ཡང་ཞབས་མ་བཞག་པ་རྨིས་གསུངས། དགུང་ལོ་རེ་བདུན་པའི་དབྱུག་པ་ཟླ་བའི་མཚན་མོ་བླ་ཆེན་ཉིད་ལ་བྱང་སེམས་བརྒྱད་ཀྱིས་བསྐོར་བའི་གཡས་སུ་ཀྱེ་རྡོར་ལྷ་དགུ། །གཡོན་དུ་ཤཱཀྱ་ཐུབ་པ་ལ་ཀཽཎྜི་ནྱ་ལ་སོགས་པ་དགྲ་བཅོམ་བརྒྱད་ཀྱིས་བསྐོར་བའི་རྣམ་འཕྲུལ་བསྟན་ནས། བླ་མ་ས་ཆེན་གྱི་ཞལ་ནས་ཁྱོད་རབ་ཏུ་འབྱུང་ན་སུ་ལ་འབྱུང་། དབང་ལེན་ན་གང་ལ་ལེན་གསུངས་པ་ན། བདག་རབ་ཏུ་འབྱུང་ངམ་དབང་ལེན་ན་མཁན་པོ་དང་སློབ་དཔོན་དུ་གྱུར་པ་ཆོས་རྗེ་ཉིད་དོ་ཞེས་ཞུས་པས། དེ་ཁོ་ན་བཞིན་ཁྱོད་ཀྱིས་ལེགས་པར་རྟོགས་པ་དེ་བཞིན་ནོ། ཞེས་དབུགས་ཕྱུང་། གཞན་ཡང་དེའི་མཚན་ཐོག་ཐག་བླ་ཆེན་དང་དྲིས་ལན་གྱི་སྒོ་ནས་ཐེ་ཚོམ་མང་པོ་ཆོད་གསུངས་སོ། །དགུང་ལོ་རེ་བརྒྱད་པའི་ཚེ་བདེ་བ་ཅན་དུ་སྤྱན་འདྲེན་པའི་ལྷའི་ཕོ་ཉ་མང་པོ་བྱུང་བ་ཕྱིར་ལྡོག དགུང་ལོ་རེ་དགུ་པ་ལ་ལྷ་དུ་མ་ལྷགས་ནས་མི་མཇེད་ཀྱི་མི་བསྔགས་པ་དང་། བདེ་བ་ཅན་གྱི་བསྔགས་པ་བརྗོད་པའི་སྒོ་ནས་སྤྱན་འདྲེན་པ་ན། ཁོ་བོ་ཞིང་བཟང་བ་ལ་དགའ་བ་དང་ངན་པ་ལ་མི་དགའ་བ་མེད་ལ། ཞིང་སྦྱོང་བ་ལ་ཞིང་དམན་པ་ཁྱད་པར་དུ་འཕགས་ཤིང་། བདག་ལ་ལྟོས་པའི་མགོན་མེད་པ་འགའ་ཞིག་ཡོད་པས་མི་འགྲོ་གསུངས་ནས་བཟློག དེ་ནས་བདུན་ཅུ་པ་ན་ཅི་ནས་ཀྱང་གཤེགས་སོ་ཟེར་བ་ན། བདེ་བ་ཅན་གྱི་བཀོད་པ་ཡང་གཟིགས་