R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༥བ
[A:༥བ]སོགས་ཁུངས་ཐུབ་ཀྱི་ཡིག་ཆ་དག་པ་དུ་མའི་རྗེས་སུ་འབྲངས་པ་ཡིན་ཏེ། ཁོ་བོ་ཅག་ནི་རྗེས་འབྲངས་ཕྱི་མ་ཉིད་གཙོ་བོར་བཟུང་ངོ་།
རིན་པོ་ཆེ། །གང་དེའི་བཙུན་མོ་འབྲོ་བཟའ་གཡའ་ལོན་སྐྱིད། །དེ་ལ་འབྲོ་ཚ་མཆེད་བདུན་བྱོན་པ་ལས། །གཞན་རྣམས་ཡུལ་ཕྱོགས་སོ་སོར་འགྲོ་དོན་མཛད། མཐའ་ལྟག་ཤེས་རབ་ཡོན་ཏན་གྲོམ་པར་བྱོན། །དེ་ནས་ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱལ། །གཙུག་ཏོར་ཤེས་རབ་དགེ་སྐྱབས་དགེ་མཐོང་དང་། །འཁོན་སྟོན་བལ་པོ་ཤཱཀྱ་བློ་གྲོས་རྣམས། །རིམ་བཞིན་སྔ་མའི་རིགས་སྲས་ཕྱི་མ་ཡིན། །ཤཱཀྱ་བློ་གྲོས་སྲས་གཉིས་ཆེ་བའི་མཚན། །ཤེས་རབ་ཚུལ་ཁྲིམས་དཀོན་མཆོག་རྒྱལ་པོ་གཅུང་། །གཅེན་པོ་ཡན་ཆད་གསང་སྔགས་སྔ་འགྱུར་མཛད། །ཅེས་སོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ། གཡའ་སྤང་སྐྱེས་ཞེས་གྲགས་པའི་དཔའ་བོ་ཆེན་པོ་དེས། སྲིན་པོ་སྐྱ་རེངས་ཁྲག་མེད་ཅེས་བྱ་བ་ལ་ཆུང་མ་གཡའ་འབྲུམ་སི་ལི་མ་ཞེས་བྱ་བ་ཤིན་ཏུ་མཚར་བ་ཅིག་ཡོད་པས། སྲིན་པོ་དང་འཐབ་རོལ་བྱས། ཁྱོ་བསད། ཆུང་མ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་འཁྲུངས་པ། ལྷ་དང་སྲིན་པར་འཁོན་པའི་བར་དུ་བྱུང་བས་གཡའ་ཕྲུག་འཁོན་བར་སྐྱེས་སུ་བཏགས། གདུང་བརྒྱུད་འདི་ལ་འཁོན་གྱི་མཚན་ཡང་དེ་ནས་བྱུང་སྟེ་ཤཱཀ་རིགས་བཞིན་ནོ། །ཡུམ་སྲས་དེ་གཉིས་གནས་པའི་གཡའ་སྤང་གི་ནུབ་བྱང་ན་གངས་རིའི་ཕྲེང་བ་ཆེན་པོའི་ནང་ན་ཤིན་ཏུ་མཛེས་ཤིང་མཐོ་བ་ཤེལ་ཚ་རྒྱལ་མོའི་གངས་སུ་གྲགས་པ་དང་། གཡའ་སྤང་གི་ལྷོ་འགྲམ་ན་ས་སྐྱ་པའི་བླ་མཚོ་ཡང་ཡོད་དོ། །ཐོག་མར་འོད་གསལ་གྱི་ལྷ་མི་ཡུལ་དུ་བབས་པའི་ཚེ་ཡང་ཤེལ་ཚ་རྒྱལ་མོའི་གངས་དེ་ཉིད་ཀྱི་རྩེ་མོར་བབས་པ་